gastrointestinal (GI) tract
biol. The stomach and intestines; the path that food follows once it leaves the esophagus. ལྟོ་བ་དང་རྒྱུ་མ་གཉིས་ལ་གོ་སྟེ། ཟས་མིད་པ་ནས་ཐོན་པའི་རྗེས་སུ་བགྲོད་སའི་རྒྱུ་ལམ་དེ་ལ་གོ
gastrula
biol. An embryo at the stage following the blastula, after the movement of cells results in the formation of the three germ layers, ectoderm, mesoderm, and endoderm. ཕྲ་ཕུང་གི་འགུལ་བསྐྱོད་ལ་བརྟེན་ནས་ཕྱི་ཤུན་དང་། བར་ཤུན། ནང་ཤུན་བཅས་ས་བོན་གྱི་རིམ་པ་གསུམ་པོ་གྲུབ་པའི་རྗེས་སུ་མྱུག་སྦྲུམ་གྱི་རིམ་པའི་རྗེས་སུ་བྱུང་བའི་སྦྲུམ་སྲིང་ཞིག
gastrulation
biol. The process of becoming or of forming a gastrula. གྲོད་སྦྲུམ་ཞིག་གྲུབ་པའམ་ཆགས་པའི་བྱ་བའི་རྒྱུད་རིམ།
gate control theory
neurosci. A theory of pain perception that, building on the principle of GATING, assumes that pain is only experienced when input from peripheral neurons passes through ‘gates’ at the points […]
gauge pressure
phys. The pressure, of a gas or liquid, minus the value of atmospheric pressure. རླངས་གཟུགས་ཤིག་གམ་གཤེར་གཟུགས་ཤིག་གི་གནོན་ཤུགས་ནས་རླུང་གི་གནོན་ཤུགས་འཐེན་པའི་གནོན་ཤུགས་དེ་ལ་གོ [ཡོ་ཆས་ཀྱིས་འཇལ་བའི་གནོན་ཤུགས།]
gear
phys. A toothed machine part, such as a wheel or cylinder, that meshes with another toothed part to transmit motion or to change speed or direction. སོ་ཁ་དང་ལྡན་པའི་འཕྲུལ་འཁོར་གྱི་ཆ་ཤས་འཁོར་ལོའམ་མདོང་མོ་ལྟ་བུ་ལ་གོ་ཞིང་། དེ་སོ་ཁ་དང་ལྡན་པའི་ཆ་ཤས་གཞན་ཞིག་དང་སོ་ཁ་སྦྱོར་སྒྲིག་བྱེད་སྐབས་འགུལ་སྐྱོད་བསྐྲུན་པའམ། མགྱོགས་ཚད་དམ་ཁ་ཕྱོགས་སྒྱུར་བར་བྱེད།
Geiger counter
phys. A device used to measure radioactive decay. འགྱེད་འཕྲོའི་ཟད་འགྱུར་ཚད་འཇལ་པར་སྤྱོད་པའི་ཡོ་ཆས་ཤིག