flagellate
biol. An organism, such as a euglena, that has one or more flagella. མིག་བཟང་ལྟ་བུའི་འབྲེང་རྔ་གཅིག་གམ་དུ་མ་དང་ལྡན་པའི་སྐྱེ་དངོས་ལ་གོ
flagellum
biol. A long, whiplike appendage that functions as a cellular organ of locomotion, found in certain bacteria, protozoans, and specialized eukaryotic cells such as motile sperm. ཕྲ་ཕུང་གི་འགུལ་སྐྱོད་ཀྱི་དབང་པོ་ལྟ་བུའི་བྱེད་ལས་སྒྲུབ་མཁན་གྱི་རིང་ཞིང་ལྕག་ཚན་ལྟ་བུའི་ཉིང་ལག་ཞིག་ལ་གོ་བ་དང་། སྲིན་བུ་དང་གདོད་མའི་སྲོག་ཆགས་ཁག་ཅིག་ལ་ཡོད་ཅིང་། ཁམས་དཀར་ལྟ་བུའི་ཉིང་ལྡན་ཕྲ་ཕུང་ཆེད་ལས་ཅན་ལ་ཡང་ཡོད། [འབྲེང་ཐག་དང་འདྲ་བའི་རྔ་མ་ཡིན་པས་ན།]
flagship species
biol. Popular, and usually charismatic, species that provide a symbol and focus for conservation awareness and action, for example the panda and dolphins. གཉེར་སྲུང་གི་གོ་རྟོགས་དང་བྱ་འགུལ་ལ་མཚོན་རྟགས་སྦྱིན་ཐུབ་པ་དང་། དོ་སྣང་འདྲེན་ཐུབ་པའི་ཉེ་རིགས་གྲགས་ཆེ་ཞིང་ཡིད་དབང་འགུག་ནུས་པ་ཞིག དཔེར་ན། དོམ་ཁྲ་དང་ཉ་ཌོལ་ཕིན་ལྟ་བུ།
flange
phys. A projecting disc-shaped collar or rim on an object for locating or strengthening it or for attaching it to another object. དངོས་པོ་ཞིག་གི་གནས་ས་སྟོན་པའམ། དེ་ཇེ་མཁྲེགས་སུ་བཟོ་བ། ཡང་ན། དེ་དངོས་པོ་གཞན་དང་སྦྲེལ་མཐུད་བྱེད་པའི་ཆེད་དུ། དངོས་པོ་དེའི་སྟེང་དུ་བཟོས་པའི་སྒོར་དབྱིབས་ཀྱི་འབུར་གཟུགས་གོང་བའམ་མཐའ་ལྕགས།
flashbulb memory
neurosci. A vivid memory of a single significant event in one’s life, such as the death of a close relative or a celebrated public figure. གཉེན་ཉེ་ཞིག་གམ་སྙན་གྲགས་ཅན་གྱི་མི་སྣ་ཞིག་གི་འདས་གྲོངས་ལྟ་བུའི་བྱུང་བ་གལ་ཆེན་གི་སྐོར་གྱི་དྲན་པ་གསལ་པོ་ཞིག