ectoderm
biol. The outermost of the three primary germ layers of an embryo, from which the epidermis, nervous tissue, and, in vertebrates, sense organs develop. སྦྲུམ་སྲིང་ཞིག་གི་ཐོག་མའི་སོན་ཤུན་བང་རིམ་གསུམ་ཡོད་པའི་ནང་གི་ཆེས་ཕྱི་མ་དེ་ལ་གོ་ཞིང་། འདི་ལས་ཕྱི་པགས་དང་དབང་རྩའི་ཕུང་གྲུབ། སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཚོར་བའི་དབང་པོ་རྣམས་འཚར་འཕེལ་འབྱུང་།
ectothermy
biol. The inability of an animal to exert fine control over its internal temperature by physiological means. ལུས་ཁམས་ཀྱི་བྱེད་ཐབས་ལ་བརྟེན་ནས་རང་ཉིད་ཀྱི་ནང་དྲོད་ལ་ཚོད་འཛིན་ཡག་པོ་བྱེད་མི་ཐུབ་པའི་རང་བཞིན་ལ་གོ [ཕྱི་རོལ་གྱི་དྲོད་ཀྱི་འབྱུང་ཁུངས་ལ་བརྟེན་ནས་ལུས་དྲོད་སྟངས་འཛིན་བྱེད་པའི་རང་བཞིན།]