ejaculation
biol. The action of ejecting semen from the body. ལུས་པོ་ནས་ཁམས་དཀར་པོ་ཕྱིར་འདོན་པའི་བྱ་བ།
elaboration
sci. method The process of developing or presenting a theory, policy, or system in further detail. རྣམ་གཞག་ཅིག་གམ། སྲིད་བྱུས་ཤིག ཡང་ན། གཞུང་ལུགས་ཤིག་ཞིབ་རྒྱས་སུ་འགྲེལ་བཤད་བྱེད་པའམ་གསལ་སྟོན་བྱེད་པ་ལ་གོ
elastic collision
phys. A collision in which the total kinetic energy of the colliding bodies after collision is equal to their total kinetic energy before collision. གདོང་ཐུག་མ་རྒྱབ་སྔོན་གྱི་དངོས་གཟུགས་འགའ་ཡི་འགུལ་སྐྱོད་ནུས་པའི་སྡོམ་འབོར་དང་གདོང་ཐུག་རྒྱབ་པའི་རྗེས་ཀྱི་དངོས་གཟུགས་དེ་དག་གི་འགུལ་སྐྱོད་ནུས་པའི་སྡོམ་འབོར་གཉིས་མཉམ་པའི་གདོང་ཐུག་ཅིག
elastic force
phys. The resisting internal force resulting from the elastic deformation of an object, which restores the original shape when the external force is removed. དངོས་པོ་ཞིག་ལ་ལྡེམ་གཤིས་ཅན་གྱི་བཟོ་ཉེས་བྱུང་བ་ལ་བརྟེན་ནས་སྐྱེད་པའི་འགོག་ཤུགས་ཅན་གྱི་ནང་ཤུགས་ལ་གོ་ཞིང་། ཕྱི་ཤུགས་དེ་སེལ་བའི་སྐབས་སུ་ཤུགས་འདི་ཡིས་དངོས་པོ་དེ་ཐོག་མའི་དབྱིབས་སུ་ཕྱིར་ལོག་པར་བྱེད།
elastic limit
phys. Distance of stretching or compressing beyond which an elastic material will not return to its original state. ལྡེམ་གཤིས་ཅན་གྱི་དངོས་པོ་ཞིག་གི་རྐྱང་སྐུམ་གྱི་མུ་མཚམས། འདི་བརྒལ་ཚེ་དངོས་པོ་དེ་ཐོག་མའི་རང་གཟུགས་སུ་བསྐྱར་ལོག་མི་བྱེད།