differential refraction
phys. The change of the apparent place of one object relative to a second object near it, due to refraction འཁྱོག་འཕྲོ་ལ་བརྟེན་ནས་ཉེ་འགྲམ་གྱི་དངོས་པོ་གཉིས་པ་ཞིག་ལ་ལྟོས་ཏེ་དངོས་པོ་དང་པོ་དེའི་སྣང་ཚུལ་གྱི་གནས་ས་ལ་ཐེབས་པའི་འགྱུར་བ། [ཁྱད་པར་ཅན་དུ་སྣང་བའི་འཁྱོག་འཕྲོ།]
differentiation
biol. The process by which cells or tissues change from relatively generalized to specialized kinds, during development. འཚར་འཕེལ་གྱི་སྐབས་སུ་ཕྲ་ཕུང་དང་ཕུང་གྲུབ་རྣམས་ལྟོས་བཅས་ཀྱི་སྤྱི་ཁྱབ་ཡིན་པའི་རིགས་ནས་ཁྱད་ལས་ཡིན་པའི་ངོ་བོར་འགྱུར་བ་འགྲོ་བའི་རྒྱུད་རིམ་ལ་གོ
diffraction
phys. Bending of light that passes around an obstacle or through a narrow slit, causing the light to spread and to produce light and dark fringes. འགོག་དངོས་སྐོར་བའམ་གཤགས་ཁ་ཕྲ་མོ་བརྒྱུད་ནས་བགྲོད་སྐབས་འོད་ཟེར་བཀུག་འགྲོ་བ་དེ་ལ་གོ་ཞིང་། དེ་ལ་བརྟེན་ནས་འོད་བཀྲམས་ཏེ་དཀར་ནག་གི་ཁ་ཚར་བསྐྲུན་གྱི་ཡོད།
diffraction fringe
phys. A pattern of alternate dark and light bands produced by diffracted light passing the edge of an opening. སྟོང་ཆ་ཞིག་གི་ཟུར་གདོང་རྒྱུད་ནས་འཕྲོས་པའི་འོད་དེ་སྐོར་འཕྲོ་བྱས་པ་ལས་གྲུབ་པའི་དཀར་ནག་གི་ཐིག་རིས་སྤེལ་མར་ཡོད་པའི་བཀོད་རིས་ཤིག
diffraction grating
phys. Series of closely spaced parallel slits or grooves that are used to separate colors of light by interference. ཐེ་ཞུགས་ལ་བརྟེན་ནས་འོད་ཀྱི་ཚོན་མདོག་དབྱེ་བ་འབྱེད་པར་སྤྱོད་པའི་བར་ཐག་ཆུང་བའི་མཉམ་གཤིབ་ཀྱི་གཤགས་ཁའམ་ཤུར་ཁ་བསྟར་ཕྲེང་སྒྲིག་པ་ཞིག
diffuse reflection
phys. Reflection of waves in many directions from a rough surface. མི་སྙོམས་པའི་ངོས་ལས་རླབས་ཕྱོགས་གང་སར་ལྡོག་འཕྲོ་བྱས་པ།