dimension
phys. The product or quotient of the basic physical quantities, raised to the appropriate powers, in a derived physical quantity. ཁུངས་གཞན་ལ་བཅོལ་ནས་བྲིས་པའི་གཟུགས་ཁམས་ཀྱི་འབོར་ཚད་ཅིག་གཞི་རྩའི་གཟུགས་ཁམས་ཀྱི་འབོར་ཚད་ཀྱི་བསྒྱུར་ཐོབ་བམ་བགོས་ཐོབ་ཀྱི་ཐོག་ཏུ་འོས་འཚམས་ཀྱི་རང་བསྒྱུར་རམ་སྟོབས་བྲིས་ནས་མཚོན་པར་བྱས་པ།
diode
phys. Electronic device that restricts current to a single direction in an electric circuit; a device that changes alternating current to direct current. གློག་ལམ་དུ་གློག་རྒྱུན་ཁ་ཕྱོགས་གཅིག་ཁོ་ནར་རྒྱུ་རུ་འཇུག་པའི་གློག་ཆས་ཤིག འདི་ཡིས་སྤེལ་རྒྱུག་གློག་རྒྱུན་དེ་ཐད་རྒྱུག་གློག་རྒྱུན་ལ་བསྒྱུར་བར་བྱེད།
diphosphate
chem. A derivative of phosphoric acid containing two phosphate groups. ཕོ་སི་ཕོ་རིག་སྐྱུར་རྫས་ནས་བྱུང་ཞིང་ཕོ་སི་ཕེཊ་ཡི་སྡེ་ཚན་གཉིས་དང་ལྡན་པའི་རྫས་ཤིག
diphtheria
biol. A contagious disease caused by a bacterium and characterized by fever, swollen glands, and the formation of a membrane in the throat that prevents breathing. སྲིན་བུ་ཞིག་གིས་བསླངས་པའི་འགོས་ཉེན་ཆེ་བའི་ནད་ཅིག་ལ་གོ་ཞིང་། ནད་རྟགས་སུ་ཚ་བ་རྒྱས་པ་དང། རྨེན་བུ་སྐྲང་པ། མགྲིན་པའི་ནང་དུ་སྐྱི་མོ་ཞིག་གྲུབ་ཏེ་དབུགས་འབྱིན་རྔུབ་དཀའ་བ་བཅས་འབྱུང་།