deciduous plant
biol. A plant having foliage that is shed annually at the end of the growing season སྐྱེ་འཕེལ་གྱི་དུས་ཚིགས་ཀྱི་མཇུག་ཏུ་ལོ་རེ་བཞིན་ལོ་འདབ་ཟགས་འགྲོ་བའི་རྩི་ཤིང་ཞིག [ལོ་མ་དང་འདབ་མ་སོགས་ནམ་དུས་བརྗེ་སྐབས་ལྟུང་འགྲོ་བའི་རྩི་ཤིང་གི་རིགས།]
declarative memories
neurosci. A type of long-term memory that involves conscious recollection of particular facts and events. བདེན་དོན་དང་བྱུང་བ་ངེས་ཅན་ཞིག་ལ་ཤེས་ཚོར་དང་བཅས་པའི་ཕྱིར་དྲན་བྱེད་པ་དང་འབྲེལ་བ་ཡོད་པའི་བརྟན་འཛིན་དྲན་པའི་རིགས་ཤིག
decomposer
biol. An organism such as some types of bacteria or fungi that feeds on dead plant and animal material and causes it to decay. རྩི་ཤིང་དང་སྲོག་ཆགས་ཀྱི་ཤི་རོ་ཟས་སུ་སྤྱད་རྗེས་ཟད་འགྱུར་འབྱུང་དུ་འཇུག་མཁན་གྱི་སྲིན་བུའམ་ཧམ་སྤུ་ཡི་རིགས་འགའ་ཞིག་ལྟ་བུའི་སྐྱེ་དངོས་ལ་ཟེར།
decussation
neurosci. An X-shaped crossing, especially of nerves or bands of nerve fibers, connecting corresponding parts on opposite sides of the brain or spinal cord. X ཡི་དབྱིབས་ཡིན་པའི་འདུས་མདོ་ཞིག་ལ་གོ་ཞིང་། བྱེ་བྲག་ཏུ་ཀླད་པའམ་རྒྱུངས་པའི་ཕྱོགས་གཉིས་སུ་ཡོད་པའི་ཆོས་མཐུན་ཆ་ཤས་རྣམས་མཐུད་སྦྲེལ་བྱེད་མཁན་གྱི་དབང་རྩའམ་དབང་རྩའི་རྩིད་སྐུད་ཆུན་པོའི་འདུས་མདོ་ལ་གོ