cystic fibrosis
biol. A very serious disease that usually appears in young children and that makes it hard to breathe and to digest food properly. རྒྱུན་དུ་ལོ་ཆུང་བྱིས་པར་འབྱུང་བའི་ནད་ཧ་ཅང་དྲག་པོ་ཞིག་ཡིན་ཞིང། ནད་དེ་ཡིས་དབུགས་གཏོང་ལེན་དཀའ་བ་དང། ཟས་ཏག་ཏག་འཇུ་མི་ཐུབ་པར་བཟོ་བ་ཡིན།
cytochrome b5
biol. A microsomal cytochrome involved in such metabolic activities as fatty acid desaturation. It may be involved in the reduction of cytochrome P450. ཚིལ་སྐྱུར་གྱི་སིམ་སྦྱོར་ལྡོག་པའི་ནུས་སྒྱུར་བྱེད་སྒོ་ལྟ་བུའི་ནང་དུ་བྱེད་ལས་འདོན་པའི་ཕྲ་གཟུགས་ཀྱི་ཕྲ་ཚོས་ཤིག་ལ་གོ་ཞིང་། ཕྲ་ཚོས་ P450 བཞུ་སྦྱོར་དུ་བྱེད་ལས་འདོན་པ་ཡང་སྲིད།
cytokine
biol. A water-soluble protein that serves as an intercellular chemical messenger promoting cell growth and division in neighbouring cells by binding cell surface receptors. ཕྲ་ཕུང་གི་དབར་དུ་རྫས་འགྱུར་འཕྲིན་པ་ལྟ་བུའི་བྱེད་ལས་སྒྲུབ་མཁན་ཆུའི་ནང་དུ་བཞུ་ཐུབ་པའི་སྤྲི་རྫས་ཞིག་ལ་ཟེར་ཞིང་། ཕྲ་ཕུང་ངོས་ཀྱི་སྣེ་ལེན་པར་འཆིང་སྡོམ་བྱས་ཏེ་ཉེ་འཁོར་གྱི་ཕྲ་ཕུང་ནང་དུ་ཕྲ་ཕུང་འཚར་འཕེལ་དང་ཕྲ་ཕུང་འབྱེད་རིམ་ལ་མཐུན་འགྱུར་བྱེད་མཁན་ཞིག་ཡིན།