circulatory system
biol. The system that circulates blood and lymph through the body, consisting of the heart,blood vessels, blood, lymph, and the lymphatic vessels and glands. Also called cardiovascular system. སྙིང་དང་། ཁྲག་རྩ། ཁྲག ཆུ་སེར། ཆུ་སེར་གྱི་རྩ་སྦུབས་དང་རྨེན་བུ་བཅས་ལས་གྲུབ་ཞིང་ལུས་པོའི་ནང་དུ་ཁྲག་དང་ཆུ་སེར་འཁོར་སྐྱོད་བྱེད་དུ་འཇུག་མཁན་གྱི་མ་ལག་ལ་ཟེར། འདི་ལ་སྙིང་རྩ་མ་ལག་ཀྱང་ཟེར།
circumcenter
math. The center of a circle that circumscribes a triangle. ཟུར་གསུམ་མ་ཞིག་གི་ཕྱི་རུ་བྲིས་པའི་སྒོར་དབྱིབས་ཀྱི་ལྟེ་གནས།
circumcircle
math. A circle touching all the vertices of a triangle or polygon. ཟུར་གསུམ་མ་ཞིག་གམ་མཐའ་མང་དབྱིབས་ཤིག་གི་སྣེ་ཚང་མར་ཐུག་ནས་བྲིས་པའི་སྒོར་དབྱིབས།
circumference
math. The boundary line of a circle. The length of such a boundary. སྒོར་དབྱིབས་ཤིག་གི་མཐའ་མཚམས་ཀྱི་ཐིག འདི་ལྟ་བུའི་མཐའ་མཚམས་ཀྱི་རིང་ཚད།