corpus callosum
neurosci. The arched bridge of nervous tissue that connects the two cerebral hemispheres, allowing communication between the right and left sides of the brain. ཀླད་པའི་ཟླུམ་ཕྱེད་གཉིས་ཀ་སྦྲེལ་མཐུད་བྱེད་མཁན་གྱི་དབང་རྩའི་ཕུང་གྲུབ་ཀྱི་གུག་དབྱིབས་ཟམ་པ་དེ་ལ་གོ་ཞིང་། ཀླད་པའི་ཆ་ཤས་གཡས་གཡོན་གཉིས་ཀྱི་དབར་དུ་འབྲེལ་ལམ་བྱེད་དུ་འཇུག
corpus luteum
biol. A hormone-secreting structure that develops in an ovary after an ovum has been discharged but degenerates after a few days unless pregnancy has begun. ཁམས་དམར་ཕྲ་ཕུང་གློད་རྗེས་བསམ་བསེའུ་ནང་དུ་གྲུབ་པའི་རྨེན་རྫས་གློད་མཁན་ཞིག་ཡིན། འོན་ཀྱང་། སྦྲུམ་མའི་གནས་སྐབས་འགོ་མ་བཙུགས་ཚེ་ཉིན་འགའི་རྗེས་སུ་མེད་པར་འགྱུར་འགྲོ་བ་ཡིན།
correlation
phil. A relationship or connection between two things based on co-occurrence or pattern of change མཉམ་དུ་འབྱུང་བའི་གནས་སྟངས་སམ་འགྱུར་བ་འགྲོ་སྟངས་ཀྱི་ཆ་ནས་དངོས་པོ་གཉིས་ཀྱི་དབར་དུ་མངོན་པའི་འབྲེལ་བའམ་འབྲེལ་མཐུད་ལ་གོ