clone
biol. A population of genetically identical organisms or cells derived from an original single organism or cell by asexual reproduction or mitosis. སྐྱེ་དངོས་སམ་ཕྲ་ཕུང་རྐྱང་པ་ངོ་མ་ཞིག་ནས་ཁམས་བྲལ་སྐྱེད་འཕེལ་ལམ་ཕྲ་ཕུང་གཉིས་གྱེས་ལ་བརྟེན་ནས་བྱུང་བའི་རིགས་རྫས་འདྲ་མཚུངས་ཡིན་པའི་སྐྱེ་དངོས་སམ་ཕྲ་ཕུང་གི་ཚོགས་ཤིག་ལ་ཟེར།
closed universe
phys. A model of the universe in which there is enough matter, and therefore enough gravitational force, to stop the expansion started by the big bang. འཇིག་རྟེན་ཁམས་སུ་བེམ་རྫས་འདང་ངེས་ཤིག་ཡོད་པ་ལ་བརྟེན་ནས་གས་ཐོར་ཆེན་པོས་འགོ་བཙུགས་པའི་འཇིག་རྟེན་ཁམས་ཀྱི་རྒྱ་སྐྱེད་བཞིན་པའི་རྣམ་པ་འདི་འགོག་ཐུབ་པའི་འཐེན་ཤུགས་འདང་ངེས་ཤིག་ཡོད་པར་བརྗོད་པའི་འཇིག་རྟེན་ཁམས་ཀྱི་དཔེ་གཟུགས་ཤིག
clotting factor
biol. Any of several plasma components (as fibrinogen, prothrombin, and thromboplastin) that are involved in the clotting of blood. ཁྲག་འཁྱག་གི་བྱ་བའི་ནང་དུ་ཐེ་གཏོགས་ཡོད་པའི་ (ཁྲག་ཚི་གྲུབ་རྫས་དང། ཁྲག་ལིང་སྨིན་རྫས་སྐྱེད་བྱེད། ཁྲག་ལིང་སྤྲི་རྫས་ལྟ་བུ་) ཁྲག་འདུར་གྱི་གྲུབ་རྫས་གང་རུང་རུང་ཞིག་ལ་ཟེར།
cloud chamber
phys. A device used to detect the paths of particles emitted by radioactive sources. འགྱེད་འཕྲོའི་འབྱུང་ཁུངས་ནས་འཕྲོས་པའི་ཕྲ་རྡུལ་གྱི་རྒྱུ་ལམ་འཚོལ་བྱེད་དུ་སྤྱོད་པའི་ཡོ་ཆས་ཤིག