basal body
neurosci. A cylindrical structure that forms the base of a flagellum or cilium; it contains sets of microtubules and is structurally similar to a centriole. འབྲེང་རྔའམ་རྫི་རྔ་ཞིག་གི་ཞབས་ར་གྲུབ་པར་བྱེད་པའི་མདོང་དབྱིབས་ཅན་གྱི་བཀོད་པ་ཞིག་ལ་ཟེར་ཞིང་། དེའི་ནང་དུ་སྦུག་ཕྲན་གྱི་སྡེ་ཚན་དུ་མ་ཡོད་ཅིང་བཀོད་པའི་ཆ་ནས་དཀྱིལ་སྦུག་ཅིག་དང་འདྲ་མཚུངས་ཡིན།
basal ganglia
neurosci. A group of structures linked to the thalamus in the base of the brain and involved in coordination of movement. ཀླད་པའི་ཞབས་མཐིལ་དུ་ཀླད་སྦུག་དང་སྦྲེལ་ནས་ཡོད་པའི་བཀོད་པའི་ཚོགས་ཤིག་ལ་ཟེར་ཞིང་། འགུལ་སྐྱོད་ཀྱི་འབྲེལ་མཐུད་དང་འབྲེལ་བ་ཡོད་པ་ཡིན།
base
chem. A substance capable of reacting with an acid to form a salt and water, or (more broadly) of accepting or neutralizing hydrogen ions. སྐྱུར་རྫས་ཤིག་ལ་རྫས་སྦྱོར་བྱས་ཏེ་ཚྭ་དང་ཆུ་གྲུབ་པར་བྱེད་པའམ། (ཁྱབ་ཆེ་བར་སྨྲས་ཚེ་) ཡང་རླུང་གི་གྱེས་རྡུལ་ཞིག་དང་ལེན་བྱེད་པའམ་ཡང་ན་བཏང་སྙོམས་ཀྱི་ངོ་བོར་བཟོ་པའི་ནུས་པ་དང་ལྡན་པའི་བེམ་རྫས་ཤིག
base analog
biol. A chemical analog of one of the purine or the pyrimidine bases normally found in RNA or DNA. ཨར་ཨེན་ཨེའམ་ཌི་ཨེན་ཨེ་ཡི་ནང་དུ་ཡོད་པའི་པུ་རིན་གཞི་མའམ་པི་རི་མི་ཌིན་གཞི་མ་གང་རུང་གི་རྫས་སྦྱོར་ཚབ་རྫས་ཤིག་ལ་གོ