ཨར་ཀི་ཕྲ་སྲིན།
biol. A group of prokaryotes whose members differ from bacteria, the most prominent prokaryotes, in certain physical, physiological, and genetic features. The archaea may be aquatic or terrestrial microorganisms. མངོན་གསལ་ཆེ་ཤོས་ཀྱི་ཉིང་བྲལ་སྐྱེ་དངོས་ཏེ་སྲིན་བུ་ལས་གཟུགས་བྱད་དང་ལུས་ཁམས་ཀྱི་གནས་ལུགས། […]
ཨར་ཁི་མེ་ཌེའི་རྩ་འཛིན།
phys. Relationship between buoyancy and displaced fluid: An immersed object is buoyed up by a force equal to the weight of the fluid it displaces. འཕྱོ་ཤུགས་དང་གཏོར་བའི་རྒྱུག་གཟུགས་གཉིས་དབར་གྱི་འབྲེལ་བ། རྒྱུག་གཟུགས་སུ་བཅུག་པའི་དངོས་པོ་ཞིག་ནི་དེ་ཡིས་གཏོར་བའི་རྒྱུག་གཟུགས་དེའི་ལྗིད་ཚད་དང་མཚུངས་པའི་ཤུགས་ཤིག་གིས་ཡར་འདེགས་པར་བྱེད།
ཨར་ཇི་ནིན།
chem. A basic amino acid which is a constituent of most proteins. It is an essential nutrient in the diet of vertebrates. སྤྲི་རྫས་ཕལ་ཆེ་བའི་གྲུབ་ཆ་ཡིན་པའི་གཞི་རྩའི་ཨེ་མི་ནོ་སྐྱུར་རྫས་ཤིག འདི་ནི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཟ་མའི་ནང་དུ་ཡོད་དགོས་པའི་ངེས་མཁོའི་བཅུད་རྫས་ཤིག་རེད།
ཨར་བསྐལ། གདོད་བསྐལ།
biol. Geologic time interval that spans the first 2.1 bya since the earth was completed, i.e. from 4.6 to 2.5 bya. Aka Archean Eon. སའི་གོ་ལ་ཡོངས་སུ་གྲུབ་པའི་རྗེས་ཀྱི་ཐོག་མའི་ལོ་ངོ་ཐེར་འབུམ་ ༢.༡ རིང་གི་ས་ཁམས་དུས་ཚིགས་དེར་གོ་ཞིང་། ལོ་ཐེར་འབུམ་ ༤.༦ གོ་སྔོན་ནས་ལོ་ཐེར་འབུམ་ […]