Encyclopedia

ཨ་མ་ཁྲ་ཐིག

biol. A small beetle with a domed back, typically red or yellow with black spots. རྒྱབ་ངོས་བ་གམ་གྱི་དབྱིབས་སུ་ཡོད་ཅིང་། ཁ་དོག་དམར་པོའམ་སེར་པོའི་སྟེང་དུ་ཐིག་ལེ་ནག་པོ་ཡོད་པའི་འབུ་སྦུར་བ་ཆུང་ཆུང་ཞིག

By wisdmlabs |
DETAIL

ཨ་མི་བྷ་ཕྲ་སྲིན།

biol. A single-celled microscopic organism of indefinite shape commonly found in water, damp soil and as parasites of other animals. རྒྱུན་དུ་ཆུ་དང་བཞའ་ཚན་ཅན་གྱི་ས་ཡི་ནང་དུ་རྙེད་དུ་ཡོད་པ་མ་ཟད། སེམས་ཅན་གཞན་གྱི་སྟེང་དུ་གཞན་ཟའི་ཚུལ་དུ་ཡོད་ཅིང་དབྱིབས་ལ་ངེས་གཏན་མེད་པའི་ཕྲ་ཕུང་གཅིག་ལྡན་གྱི་ཕྲ་དངོས་ཤིག

By wisdmlabs |
DETAIL

ཨ་མི་བྷ་འདྲ་བའི།

biol. Resembling or having the characteristics of amoebae. ཨ་མི་བྷ་ཕྲ་སྲིན་དང་འདྲ་པོ་ཡོད་པའམ་ཨ་མི་བྷ་ཕྲ་སྲིན་གྱི་ཁྱད་ཆོས་དང་ལྡན་པ།

By wisdmlabs |
DETAIL

ཨ་མིན་རྐྱང་ལྡན།

chem. An amine compound containing one amino group, especially a compound that functions as a neurotransmitter. ཨེ་མི་ནོ་སྡེ་ཚན་གཅིག་གིས་གྲུབ་པའི་ཨ་མིན་འདུས་རྫས་ཤིག་སྟེ། བྱེ་བྲག་ཏུ་དབང་རྩ་འཕྲིན་པའི་བྱེད་ལས་སྒྲུབ་པའི་ཨ་མིན་འདུས་རྫས་ལ་གོ

By wisdmlabs |
DETAIL

ཨ་མིན།

chem. An organic compound derived from ammonia by replacement of one or more hydrogen atoms by organic groups. ཟེ་ཚྭའི་རླངས་རླུང་གི་ཡང་རྡུལ་གཅིག་གམ་དུ་མ་སྐྱེ་ལྡན་སྡེ་ཚན་གྱིས་བརྗེ་ཚབ་བྱས་པ་ལས་གྲུབ་པའི་སྐྱེ་ལྡན་འདུས་རྫས་ཤིག

By wisdmlabs |
DETAIL
TOP