ཧེ་པོ་ཁིར་ཊིན།
chem. Either of two hormones produced by the mammalian hypothalamus and functional in the regulation of appetite and sleep. ནུ་གསོས་སྲོག་ཆགས་ཀྱི་ཀླད་སྦུག་འོག་མས་སྐྱེད་སྐྲུན་བྱས་པའི་རྨེན་རྫས་གཉིས་ལས་གང་རུང་ལ་གོ་ཞིང་། ཡི་ག་དང་གཉིད་སྟངས་འཛིན་བྱེད་པར་བྱེད་ལས་འདོན།
ཧེ་ལོ་ཇེན། ཚྭ་སྐྱེད།
phys. Any of the electronegative elements, fluorine, chlorine, iodine, bromine, and astatine, that form binary salts by direct union with metals. ལྕགས་རིགས་དང་ཐད་ཀར་རྫས་སྦྱོར་བྱས་ཏེ་ཟུང་ལྡན་ཚྭ་གྲུབ་པར་བྱེད་པའི་གློག་ཁུར་མོ་ལྡན་གྱི་རྩ་རྫས་ཕུ་ལོ་རིན་དང་། ཁུ་ལོ་རིན། ཨ་ཡོ་ཌིན། སྦུརོ་མིན། ཨསེ་ཊེ་ཊིན་བཅས་ལས་གང་རུང་ཞིག [རྩ་རྫས་གཞན་དང་འདྲེས་སྐབས་ཚྭ་སྐྱེད་པར་བྱེད་མཁན་གྱི་རྩ་རྫས་ཀྱི་སྡེ་ཚན་ཞིག]
ཧཻ་ཌོག་སིལ་རུ་ཚོགས།
chem. The univalent group -OH, occurring in many organic and inorganic compounds. སྡེབ་བྱེད་གཅིག་ཅན་གྱི་རུ་ཚོགས་ -OH ལ་གོ་ཞིང་། སྐྱེ་ལྡན་ཡིན་མིན་གཉིས་ཀའི་འདུས་རྡུལ་མང་པོའི་ནང་དུ་ཡོད།
ཧོ་ཀིང་འགྱེད་འཕྲོ།
phys. Radiative emission predicted by Stephen William Hawking (b. 1942) to come from black holes as one of a particle/antiparticle pair falls into the black hole while the other escapes. […]
ཧོ་ལོ་གསང་རིས་རིག་པ། ཧོ་རིས་རིག་པ།
phys. The study or production of holograms. ཧོ་ལོ་གསང་རིས་སྐྱེད་སྐྲུན་བྱེད་པའམ་ཧོ་ལོ་གསང་རིས་ལ་ཞིབ་འཇུག་བྱེད་པ།