ཧི་སི་ཊ་མིན།
chem. A substance produced by mast cells of the immune system, in response to a local infection. ནད་འགོག་མ་ལག་གི་རྒྱགས་བྱེད་ཕྲ་ཕུང་གིས་ཉེ་འདབས་ཀྱི་གཉན་ཁ་ལ་ཡ་ལན་གྱི་ཆེད་དུ་སྐྲུན་པའི་བེམ་རྫས་ཤིག་ལ་ཟེར།
ཧི་སི་ཊི་ཌིན།
chem. An essential amino acid, C6H9N3O2, important for tissue growth and repair. ཕུང་གྲུབ་འཚར་འཕེལ་དང་བསྐྱར་གསོ་ལ་གལ་གནད་ཆེ་ཞིང་ངེས་མཁོ་ཡིན་པའི་ཨེ་མི་ནོ་སྐྱུར་རྫས་ཤིག C6H9N3O2
ཧིམ་སྡེ།
biol. Portion of a hemoglobin molecule that contains an iron atom that readily binds with oxygen; each hemoglobin molecule contains four heme groups. ལྕགས་རྡུལ་དང་ལྡན་ཞིང་འཚོ་རླུང་དང་འཆིང་སྦྱོར་ལས་སླ་པོར་བྱེད་པའི་ཁྲག་དམར་སྤྲི་རྫས་ཀྱི་ཆ་ཤས་དེ་ལ་གོ་ཞིང་། ཁྲག་དམར་སྤྲི་རྫས་ཀྱི་འདུས་རྡུལ་རེ་ལ་ཧིམ་སྡེ་བཞི་རེ་ཡོད་པ་ཡིན།
ཧིསི་ཊོན།
biol. One of a class of basic proteins that combine with DNA to form chromatin. Histones are involved in the mechanisms that control transcription. ཌི་ཨེན་ཨེ་དང་མཉམ་སྡེབ་བྱས་ཏེ་ཚོས་སྐུད་གྲུབ་པར་བྱེད་པའི་གཞི་རྩའི་སྤྲི་རྫས་ཤིག་ལ་གོ་ཞིང་། ཧིསི་ཊོན་གྱིས་ཕབ་བཤུ་སྟངས་འཛིན་བྱེད་པའི་ལས་ཚུལ་ལ་ཐེ་གཏོགས་བྱེད།