སྤང་རྩྭ་འབྲེག་ཆས།
phys. A machine with a rotating blade for cutting grass. སྐོར་བ་བྱེད་པའི་ལྟེབ་གྲི་དང་ལྡན་པའི་རྩ་འབྲེག་བྱེད་ཀྱི་འཕྲུལ་ཆས་ཤིག
སྤྱང་ཤུ། (པགས་ནད)
biol. An inflammatory autoimmune disease that affects multiple organ systems, usually characterized by fatigue, fever, skin lesions, joint pain and swelling, and anemia, and often affecting the kidneys and various […]
སྤྱི་ཁྱབ་འཐེན་ཤུགས་བརྟན་གྲངས།
phys The proportionality constant G that measures the strength of gravity in the equation for Newton’s law of universal gravitation. F= Gm1m2/d2 ནེའུ་ཊོན་གྱི་སྤྱི་ཁྱབ་འཐེན་ཤུགས་ཀྱི་མཉམ་རྩིས་ནང་གི་འཐེན་ཤུགས་ཀྱི་ཚད་འཇལ་བར་བྱེད་པའི་ཆ་མཚུངས་བརྟན་གྲངས་ G ལ་གོ F=Gm1m2/d2
སྤྱི་ཁྱབ་རླངས་གཟུགས་བརྟན་གྲངས།
phys. A constant, 8.314 joules per degree Kelvin, equal to the product of the pressure and the volume of one gram molecule of an ideal gas divided by the absolute temperature. Symbol: R. ཌིག་རི་ཁེལ་ཝིན་རེ་ལ་འཇུལ་ 8.314 ཡོད་པའི་བརྟན་གྲངས་ཤིག་ཡིན་ཞིང་། འདི་ནི་ཡང་དག་རླངས་གཟུགས་གྷ་རམ་གཅིག་གི་འདུས་རྡུལ་གྱི་གནོན་ཤུགས་དང་བོངས་ཚད་གཉིས་ཀྱི་བསྒྱུར་ཐོབ་དེ་ཚུགས་ཐུབ་དྲོད་ཚད་ཀྱིས་བགོས་པ་དང་མཚུངས། མཚོན་རྟགས། : R
སྤྱི་ཁྱབ་ལྟོས་གྲུབ་རྣམ་བཞག
phys. Einstein’s generalization of special relativity, which deals with accelerated motion and features a geometric theory of gravitation. ཨ་ཡིན་སི་ཊན་གྱིས་དམིགས་བསལ་ལྟོས་གྲུབ་སྤྱི་ཁྱབ་ཅན་ཏུ་བསྒྱུར་བ་སྟེ། འདི་ཡིས་མྱུར་སྣོན་ཅན་གྱི་འགུལ་སྐྱོད་ལ་འགྲེལ་བཤད་བྱེད་ཅིང་འཐེན་ཤུགས་ཀྱི་དབྱིབས་རྩིས་ཀྱི་རྣམ་གཞག་ཅིག་མཚོན་ཡོད།