Encyclopedia

སྣེ་གཉིས་སྦུ་གུ།

phys. Electronic device that restricts current to a single direction in an electric circuit; a device that changes alternating current to direct current. གློག་ལམ་དུ་གློག་རྒྱུན་ཁ་ཕྱོགས་གཅིག་ཁོ་ནར་རྒྱུ་རུ་འཇུག་པའི་གློག་ཆས་ཤིག འདི་ཡིས་སྤེལ་རྒྱུག་གློག་རྒྱུན་དེ་ཐད་རྒྱུག་གློག་རྒྱུན་ལ་བསྒྱུར་བར་བྱེད།

By wisdmlabs |
DETAIL

སྣེ་གྱེས་བསྐྱར་ཟློས།

biol. Restoration of the difference in charge between the inside and outside of the plasma membrane of a muscle fiber or cell following depolarization ཤ་གནད་ཉག་མའམ་ཕྲ་ཕུང་གི་ཆུ་སེར་སྐྱི་མོའི་ཕྱི་ནང་གཉིས་ཀྱི་དབར་དུ་སྣེ་འདུམ་ཞིག་བྱུང་བའི་རྗེས་སུ་གློག་ཁུར་གྱི་ཁྱད་པར་དེ་བསྐྱར་གསོ་བྱེད་པ་ལ་གོ

By wisdmlabs |
DETAIL

སྣེ་གཤིས།

phys. The condition of having separate poles, especially magnetic or electric poles. སྣེ་མི་འདྲ་བ་ཡོད་པའི་གནས་སྟངས་ཏེ་བྱེ་བྲག་ཏུ་ཁབ་ལེན་དང་གློག་གི་སྣེ་མི་འདྲ་བ་ཡོད་པ་ལ་གོ

By wisdmlabs |
DETAIL

སྣེ་བཞི་ཤ་སྒྲིམ།

biol. The large, four-part muscle at the front of the thigh that acts to extend the leg. རྐང་པ་རྐྱོང་བསྣར་གྱི་བྱེད་ལས་སྤེལ་མཁན་བརླ་ཤའི་མདུན་གྱི་ཆ་ཤས་བཞི་ཅན་གྱི་ཤ་སྒྲིམ་ཆེན་པོ་ཞིག

By wisdmlabs |
DETAIL

སྣེ་བྲལ།

chem. Not characterized by a dipole སྣེ་གཉིས་ཅན་གྱི་ཁྱད་གཤིས་དང་མི་ལྡན་པ།

By wisdmlabs |
DETAIL

སྣེ་མང་དབང་རྩ་ཕྲ་གཟུགས།

neurosci. A neuron with more than two neural processes rising from the soma. One of these is the axon, the others are ‘trunks’ of dendritic ‘trees’ which undergo multiple branchings. […]

By wisdmlabs |
DETAIL
TOP