སྙོམས་གྲངས།
math. The arithmetic average of a set of n numbers is the sum of the numbers divided by n. གྲངས་ཀ་འདྲ་མིན་ n ཡོད་པའི་སྡེ་ཚན་ཞིག་གི་སྙོམས་གྲངས་ནི་གྲངས་ཀ་དེ་རྣམས་ཀྱི་སྡོམ་ཐོབ་དེ་ n ཡིས་བགོས་པའི་བགོས་ཐོབ་དེ་ཡིན།
སྙོམས་མཐུན།
biol. Having a similar structure because of a common origin. རིགས་ཁུངས་གཅིག་མཚུངས་ཡིན་པའི་རྐྱེན་གྱིས་འདྲ་མཚུངས་ཡིན་པའི་བཟོ་བཀོད་དང་ལྡན་པ།
སྙོམས་རླངས།
chem. A gas that is not chemically reactive, especially a noble gas. རྫས་འགྱུར་སྐྱེན་པོ་མེད་པའི་རླངས་གཟུགས་ཏེ། ལྷག་པར་དུ་བཟང་རླངས་ཡིན་པ་ཞིག
སྙོམས་རུང།
math. Free from many changes or variations; uniform འགྱུར་བའམ་ཁྱད་པར་མང་པོ་དང་མི་ལྡན་པ་སྟེ། ཆ་སྙོམས།