Encyclopedia

སྒྲ་གདངས།

The way in which a word is pronounced. ཚིག་ཅིག་གི་སྒྲ་འདོན་ཚུལ་ལ་གོ

By wisdmlabs |
DETAIL

སྒྲ་དཀར།

phys. Noise containing many frequencies with equal intensities. དྲག་ཤུགས་མཚུངས་པའི་ཟློས་ཕྱོད་གང་མང་གིས་གྲུབ་པའི་སྒྲ་ལ་གོ [ཇི་ལྟར་འོད་དཀར་པོ་ལ་ཁ་དོག་སྣ་ཚོགས་ཡོད་པ་ཇི་བཞིན་དུ་རྒྱབ་ལྗོངས་ཀྱི་སྒྲ་ལ་ཟློས་ཕྱོད་སྣ་ཚོགས་ཡོད་པའི་ཆ་ནས་སྒྲ་དཀར་ཞེས་བཏགས།]

By wisdmlabs |
DETAIL

སྒྲ་བརྒལ།

phys. Traveling faster than the speed of sound. སྒྲའི་མགྱོགས་ཚད་ལས་མྱུར་བར་བགྲོད་པ། [སྒྲ་ལས་མགྱོགས་པར་བགྲོད་པས་ན་སྒྲ་བརྒལ།]

By wisdmlabs |
DETAIL

སྒྲ་ཞབས།

phys. 1. Of less than audible frequency. 2. Having a speed less than that of sound in a designated medium. ༡ ཐོས་རུང་གི་ཟློས་ཕྱོད་ལས་དམའ་བའི། ༢ རྒྱུ་ལམ་ངེས་ཅན་ཞིག་ཏུ་སྒྲ་ཡི་མགྱོགས་ཚད་ལས་དལ་བ་ཡོད་པའི།

By wisdmlabs |
DETAIL

སྒྲ་འཁོར།

phys. A machine that reproduces sound by means of a stylus in contact with a grooved rotating disk. སྐོར་བ་བྱེད་བཞིན་པའི་སྡེར་མ་ཤུར་ཁ་ཅན་ཞིག་གི་སྟེང་དུ་ཚགས་སྙུག་ཅིག་ཐུག་པ་བརྟེན་ནས་སྒྲ་བསྐྱར་དུ་བསྐྲུན་པར་བྱེད་པའི་འཕྲུལ་ཆས་ཤིག

By wisdmlabs |
DETAIL

སྒྲ་འགོག་འཕྲུལ་རྩལ།

phys. Sound generated for the purpose of reducing noise by interference. ཐེ་ཞུགས་ལ་བརྟེན་ནས་སྐད་ཅོར་ཇེ་ཆུང་དུ་གཏོང་བའི་ཆེད་དུ་བསྐྲུན་པའི་སྒྲ།

By wisdmlabs |
DETAIL

སྒྲ་ཡི་གནོན་ཤུགས།

phys. The difference between the pressure at a point in a medium through which a sound wave is passing and the static pressure of the medium at that point. སྒྲ་རླབས་བགྲོད་སའི་བརྒྱུད་ལམ་གྱི་གནས་གང་རུང་ཞིག་གི་གནོན་ཤུགས་དང་གནས་དེ་རུ་ཡོད་པའི་བརྒྱུད་ལམ་དེའི་འགྱུར་མེད་ཀྱི་གནོན་ཤུགས་གཉིས་ཀྱི་ཁྱད་པར་ལ་གོ

By wisdmlabs |
DETAIL
TOP