Encyclopedia

སེ་སྦྲུམ།

biol. A solid ball of cells resulting from division of a fertilized ovum, and from which a blastula is formed. ཁམས་འདུས་ས་བོན་ཞིག་ཆ་བགོས་བྱས་པ་ལས་གྲུབ་པའི་ཕྲ་ཕུང་གི་ཚོམ་བུ་མཁྲེགས་པོ་ཞིག་ལ་གོ་ཞིང་། འདི་ལས་མྱུག་སྦྲུམ་འགྲུབ་ཀྱི་ཡོད། [ཤིང་ཏོག་སེའུ་ mulberry དང་འདྲ་བས་ན།]

By wisdmlabs |
DETAIL

སེན་ཊི་མི་ཊར།

phys. A unit of length equal to one hundredth of a meter. མི་ཊར་གཅིག་དུམ་བུ་བརྒྱ་ལ་བཏང་བའི་ཆ་ཤས་གཅིག་གི་རིང་ཚད་དང་མཉམ་པའི་བརྩི་གཞི་ཞིག

By wisdmlabs |
DETAIL

སེན་ཊོར།

phys. A large southern constellation. It lies in the Milky Way and contains the stars Alpha and Proxima Centauri. ལྷོ་ཕྱོགས་སུ་ཡོད་པའི་སྐར་ཚོམ་ཆེན་པོ་ཞིག་ལ་གོ་ཞིང་། དགུ་ཚིགས་སྐྱ་མོའི་ནང་དུ་ཡོད་པ་དང་སྐར་མ་ཨལ་ཕ་སེན་ཊོར་དང་ཉེ་སྐར་སེན་ཊོར་དེའི་ཁོངས་སུ་གཏོགས།

By wisdmlabs |
DETAIL

སེམས་ཀྱི་བྱེད་རིམ། སེམས་ཀྱི་རྒྱུད་རིམ། (སེམས་འགྲོས།)

neurosci. Any of the various active processes of the mind, such as the registering or recalling of information. ཆ་འཕྲིན་ཐོ་འགོད་བྱེད་པའམ་ཆ་འཕྲིན་ཕྱིར་དྲན་བྱེད་པ་ལྟ་བུའི་སེམས་ཀྱི་རྩོལ་ཅན་རྒྱུད་རིམ་གང་རུང་རུང་ཞིག་ལ་གོ

By wisdmlabs |
DETAIL

སེམས་ཁམས་གསོ་བྱེད་རིག་པ།

neurosci. The study and treatment of mental ilness, emotional disturbance, and abnormal behavior. སེམས་ནད་དང། སེམས་མྱོང་འཁྲུག་སྐྱོན། རྒྱུན་ལྡན་མིན་པའི་གཤིས་སྤྱོད་བཅས་ཀྱི་ཞིབ་འཇུག་དང་བཅོས་ཐབས་ལ་ཟེར།

By wisdmlabs |
DETAIL
TOP