སྦུབས་མདུད།
biol. A small mass of tissue in the right atrioventricular region of higher vertebrates through which impulses from the sinoatrial node are passed to the ventricles. མཐོ་རིམ་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་སྙིང་སྦུབས་ཀྱི་གཡས་ཕྱོགས་ཁུལ་དུ་ཡོད་པའི་ཕུང་གྲུབ་ཀྱི་གོང་བུ་ཆུང་ཆུང་ཞིག་ལ་ཟེར་ཞིང་། འདི་བརྒྱུད་དེ་འགྲོས་མདུད་ནས་སྙིང་སྦུབས་སྨད་ལ་འཁྱུག་བརྡ་བརྒྱུད་གཏོང་བྱེད། (སྦུབས་སྟོད་སྨད་བར་གྱི་མདུད་པ་ཡིན་པས་ན།)
སྦུབས་འབིགས་གློག་རྒྱུན།
phys. Transport of electron across the potential barrier without changing its energy. རང་གི་ནུས་པ་ལ་འགྱུར་བ་མེད་པའི་སྒོ་ནས་ནུས་ལྡན་གྱི་འགོག་རྐྱེན་བརྒལ་ཏེ་གློག་རྡུལ་དབོར་འདྲེན་བྱེད་པ།
སྦུབས་ཤེལ།
phys. A lenticular lens is an array of magnifying lenses, designed so that when viewed from slightly different angles, different images are magnified. སྦུབས་ཤེལ་ནི་ཆེ་ཤེལ་མང་པོ་རུ་བསྟར་སྒྲིག་སྟེ་གྲུབ་པ་ཞིག་ཡིན་ཞིང་། ཟུར་ཚད་མི་འདྲ་བའི་སྒོ་ནས་བལྟ་སྐབས་སྣང་བརྙན་ཡང་མི་འདྲ་བ་ཆེར་བསྐྱེད་པར་བྱེད།
སྦུབས་སྨད་བར་གྱི་རྒྱབ་ཀྱི་འཕར་རྩ།
biol. The anterior interventricular artery, often clinically termed the left anterior descending artery, is a branch of the left coronary artery. དུས་སྐབས་མང་པོར་སྦུབས་སྨད་བར་གྱི་རྒྱབ་ཀྱི་འཕར་རྩ་གསོ་བཅོས་དང་འབྲེལ་བའི་ཐ་སྙད་དུ་མདུན་ཐུར་འཕར་རྩ་ཟེར་ཞིང། འདི་ནི་སྙིང་གཡོན་འཕར་རྩའི་ཡན་ལག་ཅིག་རེད།