སྦྱོར་འགྲུབ་སྨིན་རྫས། སྦྱོར་སྨིན།
biol. Any of various enzymes that catalyze the synthesis of a substance without involving the breaking of a high-energy phosphate bond. ནུས་ཚད་མཐོ་བའི་ཕོ་སི་ཕེཊ་ཡི་འཆིང་བ་མ་གཏོར་བའི་སྒོ་ནས་རྫས་ཤིག་གི་སྦྱོར་སྡེབ་ལ་སྐུལ་མཁན་གྱི་སྨིན་རྫས་གང་ཡང་རུང་བ་ཞིག
སྦྱོར་འབྱེད།
biol. To join together or insert (segments of DNA or RNA) so as to form new genetic combinations or alter a genetic structure. རིགས་རྫས་ཀྱི་སྡེབ་ལུགས་གསར་པ་སྐྲུན་པའམ་རིགས་རྫས་ཀྱི་ཆགས་བཀོད་ལ་འགྱུར་བ་གཏོང་བའི་ཆེད་དུ། (ཌི་ཨེན་ཨེའམ་ཨར་ཨེན་ཨེ་ཡི་ཆ་ཤས་) ལྷན་དུ་སྦྱོར་བའམ་གསར་འཇུག་བྱེད་པ་ལ་གོ
སྦྲིད་སྨན་རིག་པ།
biol. The branch of medicine that is concerned with anesthesia and anesthetics. སྦྲིད་པ་དང་། སྦྲིད་སྨན་ལ་འབྲེལ་བ་ཡོད་པའི་གསོ་དཔྱད་རིག་པའི་ཡན་ལག་ཅིག
སྦྲིད་སྨན་སྨན་པ།
biol. A physician who specializes in the administration of anesthetics during surgery, labor and delivery, or other procedures. གཤག་བཅོས་ཀྱི་སྐབས་སམ། ཕྲུ་གུ་བཙའ་བའི་སྐབས། ཡང་ན་སྨན་བཅོས་ཀྱི་རྒྱུད་རིམ་གཞན་གྱི་སྐབས་སུ་སྦྲིད་སྨན་ཚོད་འཛིན་ལ་ཆེད་མཁས་ཡིན་པའི་སྨན་པ་ཞིག
སྦྲིད་སྨན་སྨན་ཞབས།
biol. A nurse or technician who is trained to administer anesthetics. སྦྲིད་སྨན་བཅོས་ཐབས་ལ་སྦྱོང་བརྡར་ཡོད་པའི་འཕྲུལ་ལས་མཁས་པའམ་སྨན་ཞབས་པ་ཞིག་ལ་ཟེར།