སྣའི་ཚལ་བུ།
biol. An epidermal thickening, next to the hindbrain in the early embryo, from which the internal ear develops. ཐོག་མའི་སྦྲུམ་སྲིང་གི་དུས་སྐབས་སུ་རྒྱབ་ཀླད་ཀྱི་འགྲམ་ནས་ཇེ་མཐུག་ཏུ་འགྱུར་བའི་ཕྱི་པགས་ཤིག་ལ་གོ་ཞིང་། འདི་ལས་ནང་རྣ་འཚར་འཕེལ་འབྱུང་།
སྣེ་གཅིག་དབང་རྩ་ཕྲ་གཟུགས།
neurosci. A neuron with a single stalk leading from the soma. སཱོ་ལུས་ནས་ཐོན་པའི་རྩ་ཕྲན་རྐང་གཅིག་ཅན་གྱི་དབང་རྩ་ཕྲ་གཟུགས་ཤིག
སྣེ་གཉིས་ཅན།
phys. Relating to or having two poles or charges. སྣེ་གཉིས་སམ་གློག་ཁུར་མི་འདྲ་བ་གཉིས་ཡོད་པའམ་འདི་འདྲ་ཡོད་པ་དང་འབྲེལ་བའི།
སྣེ་གཉིས་དབང་རྩ་ཕྲ་གཟུགས།
neurosci. Any neuron with two extensions or processes (axon and dendrite) running in opposite directions from the cell body. ཕྲ་ཕུང་གི་ལུས་ནས་ཉིང་ལག་གཉིས་ (བརྡ་སྐྱེལ་རྩ་ཕྲན་དང་བརྡ་ལེན་རྩ་ཕྲན།) ལྡོག་ཕྱོགས་སུ་བརྐྱངས་ཡོད་པའི་དབང་རྩ་ཕྲ་གཟུགས་གང་རུང་ལ་གོ