སྣེ་འཕྲལ་བྱེད་པ། སྣེ་འཕྲལ་བ།
phys. Restrict the vibrations of a transverse wave, especially light wholly or partially to one direction. འཕྲེད་རླབས་ཏེ་བྱེ་བྲག་ཏུ་འོད་རླབས་ཀྱི་འདར་འགུལ་ཆ་ཚང་ངམ་ཆ་ཤས་ཤིག་ཁ་ཕྱོགས་གཅིག་ཁོ་ནར་རྒྱུ་རུ་འཇུག་པ་ལ་གོ
སྣེ་ལྡན་འདུས་རྡུལ།
phys. A molecule which has a permanent electric dipole as a result of the distribution of electron density within it. འདུས་རྡུལ་ནང་གི་གློག་རྡུལ་གྱི་ཁྱབ་ཚུལ་ལ་བརྟེན་ནས་རྒྱུན་གནས་ཀྱི་གློག་སྣེ་གཉིས་དང་ལྡན་པའི་འདུས་རྡུལ་ལ་གོ
སྣེ་ལེན་ཁྱབ་ར།
neurosci. The area which when stimulated elicits a particular response, such as a reflex, the firing of a sensory neuron, or the activation of a ganglion cell. སྐུལ་རྐྱེན་ཐེབས་སྐབས་ལྡོག་འགུལ་འབྱུང་བའམ། དབང་ཚོར་དབང་རྩ་གཟུགས་ཤིག་ངར་སད་པ། ཡང་ན་རྩ་འདུས་ཕྲ་ཕུང་ཞིག་སད་སློང་བྱེད་པ་ལྟ་བུའི་ཡ་ལན་ངེས་ཅན་ཞིག་སྐྲུན་པར་བྱེད་པའི་ས་ཁུལ་དེ་ལ་གོ
སྣེ་ལེན་པ།
neurosci. In the nervous system, any cell that detects a stimulus and generates a nerve impulse, e.g. photoreceptors in the eye and pain receptors in the skin. དབང་རྩ་མ་ལག་གི་ནང་དུ་སྐུལ་རྐྱེན་ཞིག་ཚོར་བ་དང་དབང་རྩའི་འཕར་བརྡ་ཞིག་སྐྲུན་པར་བྱེད་མཁན་གྱི་ཕྲ་ཕུང་གང་རུང་རུང་ཞིག་ལ་གོ དཔེར་ན། མིག་ནང་གི་འོད་རྡུལ་སྣེ་ལེན་པ་དང། […]
སྣེ་ལེན་ཕྲ་ཕུང་།
neurosci. A nerve ending or cell which senses a change such as cold or heat in the surrounding environment or in the body and reacts to it by sending an […]