སྣ་བུག་གི་ནང་ཤུན།
biol. The nasal mucosa containing olfactory cells དྲི་ཚོར་ཕྲ་ཕུང་དང་ལྡན་པའི་སྣ་བུག་ནང་གི་བེ་སྣབས་ཀྱི་ཕྱི་ཤུན་དེ་ལ་གོ
སྣ་ཚོགས་ནུས་པ།
biol. Relating to a stem cell that is capable of differentiating into a limited number of specialized cell types. ཆེད་ལས་རང་བཞིན་ཅན་གྱི་ཕྲ་ཕུང་གི་རིགས་འགའ་ཤས་ལ་ཁྱད་འགྱུར་བྱེད་ཐུབ་པའི་ནུས་པ་དང་ལྡན་པའི་མ་རྐང་ཕྲ་ཕུང་དང་འབྲེལ་བ་ཡོད་པ།
སྣ་ཚོགས་ས་བོན་འདུས་ཁུང།
biol. An organism that has different alleles at a particular gene locus on homologous chromosomes. སྙོམས་མཐུན་ཚོས་གཟུགས་ཀྱི་རིགས་རྫས་གནས་ས་ངེས་ཅན་ཞིག་ཏུ་ཨེ་ལིལ་མི་འདྲ་བ་དང་ལྡན་པའི་སྐྱེ་དངོས་ཤིག
སྣ་འདབས་ཀླད་ཤུན།
neurosci. The shallow sulcus that delimits the anterior part of the parahippocampal gyrus from the fusiform gyrus and marks the border between the neocortex and the areas medial to it མཚོ་རྟའི་མཐའ་འཁོར་ཟེ་རྒྱུད་ཀྱི་མདུན་ངོས་དེ་འཕང་དབྱིབས་ཟེ་རྒྱུད་ལས་དབྱེ་མཚམས་འབྱེད་ཅིང་། ཀླད་ཤུན་གསར་མ་དང་དེའི་ནང་ལོགས་ཀྱི་ས་ཁུལ་གཉིས་ཀྱི་ས་མཚམས་ཡིན་པའི་ཀླད་སུལ་གཏིང་ཐུང་ཐུང་ཞིག