སྡོང་སྐུད།
phys. A conducting wire or thread with a high melting point, forming part of an electric bulb or and made incandescent by an electric current. ཤེལ་ཏོག་གི་གྲུབ་ཆར་གྱུར་ཞིང་གློག་རྒྱུན་རྒྱུ་སྐབས་འོད་འཚེར་བར་བྱེད་ཅིང་བཞུ་བའི་དྲོད་ཚད་མཐོན་པོ་ཡོད་པའི་ཁྲིད་གཟུགས་ཀྱི་གློག་སྐུད་ཅིག
སྡོད་གནས། འཚོ་གནས།
biol. The natural home or environment of an animal, plant, or other organism. སྲོག་ཆགས་སམ། རྩི་ཤིང་། ཡང་ན་སྐྱེ་དངོས་གཞན་ཞིག་གི་རང་བྱུང་གི་ཁྱིམ་མམ་ཁོར་ཡུག་ལ་གོ
སྡོད་གློག བརྟན་གློག
phys. A stationary electric charge built up on an insulating material. འགོག་གཟུགས་ཀྱི་དངོས་པོ་ཞིག་གི་སྟེང་དུ་གསོག་པའི་འགུལ་མེད་གློག་ཁུར།
སྡོད་རྩ་ཕྲ་མོ།
biol. Small vessel that carries blood from the capillary network to a vein. ཁྲག་རྩ་ཕྲ་མོའི་དྲ་བ་ནས་སྡོད་རྩ་ཞིག་ཏུ་ཁྲག་སྐྱེལ་འདྲེན་བྱེད་མཁན་གྱི་རྩ་སྦུབས་ཆུང་ཆུང་ཞིག
སྡོད་རླབས།
phys. A vibration of a system in which some particular points remain fixed while others between them vibrate with the maximum amplitude. དམིགས་བསལ་གྱི་གནས་ཁག་ཅིག་འགུལ་སྐྱོད་མི་བྱེད་ཅིང་དེ་དག་གི་བར་དུ་ཡོད་པའི་ཆ་ཤས་རྣམས་འདར་རྒྱ་ཆེ་ཤོས་སུ་འདར་འགུལ་བྱེད་པའི་མ་ལག་ཅིག་གི་འདར་འགུལ་ཞིག