སྒྲའི་མགྱོགས་ཚད།
phys. The speed at which sound waves are propagated through a material medium. རྒྱུད་ལམ་ཞིག་བརྒྱུད་ནས་སྒྲ་རླབས་ཁྱབ་པའི་མགྱོགས་ཚད།
སྒྲིག་རིས།
math. A diagram consisting of rectangles whose area is proportional to the frequency of a variable and whose width is equal to the class interval. གྲུ་བཞི་ནར་མོ་གང་མང་དང་ལྡན་པའི་དཔེ་རིས་ཤིག་ལ་གོ་ཞིང་། གྲུ་བཞི་ནར་མོའི་རྒྱ་ཁྱོན་ནི་འགྱུར་གྲངས་ཤིག་གི་ཟློས་གྲངས་དང་ཐད་འབྲེལ་ཡིན་ཞིང་། གྲུ་བཞི་ནར་མོའི་ཞེང་ཚད་ནི་སྡེ་ཚན་གྱི་ཆེ་ཆུང་དང་མཚུངས་པ་ཡིན།
སྒྲིབ་བྱེད་ཟུང་སྐར།
phys. A variable binary star whose components pass in front of each other, thereby causing a regular eclipse of one of the stars and changes in brightness. ཟུང་སྐར་ཞིག་གི་གྲུབ་ཆའི་སྐར་མ་གང་རུང་གཅིག་གཞན་དེའི་མདུན་ངོས་ནས་རྒྱུ་བར་བྱེད་པས་སྐར་མ་གང་ཡང་རུང་བ་ཞིག་ལ་རྒྱུན་ལྡན་གྱི་སྐར་འཛིན་འབྱུང་ཞིང་དེའི་བཀྲག་མདངས་ལ་འགྱུར་བ་འགྲོ་བའི་འགྱུར་བག་ཅན་གྱི་ཟུང་སྐར་ཞིག་ལ་གོ