Encyclopedia

སྒྲ་ཡི་གནོན་ཤུགས།

phys. The difference between the pressure at a point in a medium through which a sound wave is passing and the static pressure of the medium at that point. སྒྲ་རླབས་བགྲོད་སའི་བརྒྱུད་ལམ་གྱི་གནས་གང་རུང་ཞིག་གི་གནོན་ཤུགས་དང་གནས་དེ་རུ་ཡོད་པའི་བརྒྱུད་ལམ་དེའི་འགྱུར་མེད་ཀྱི་གནོན་ཤུགས་གཉིས་ཀྱི་ཁྱད་པར་ལ་གོ

By wisdmlabs |
DETAIL

སྒྲ་ཡི་དྲག་ཤུགས།

phys. Amount of energy flowing per unit time through a unit area that is perpendicular to the direction in which the sound waves are travelling. སྒྲ་རླབས་བགྲོད་སའི་ཁ་ཕྱོགས་དང་དྲང་འཕྱང་ཡིན་པའི་རྒྱ་ཁྱོན་གྲུ་བཞི་མ་རེ་རྒྱུད་ནས་དུས་ཡུན་ངེས་ཅན་རེའི་ནང་དུ་རྒྱུ་བའི་ནུས་པ་ལ་གོ

By wisdmlabs |
DETAIL

སྒྲ་ཡི་ནུས་པ།

phys. Sound energy is the energy produced by vibrating sound waves. སྒྲ་ཡི་ནུས་པ་ནི་འདར་འགུལ་བྱེད་བཞིན་པའི་སྒྲ་རླབས་ཀྱིས་བསྐྲུན་པའི་ནུས་པ་ལ་ཟེར།

By wisdmlabs |
DETAIL

སྒྲ་རླབས་རིག་པ།

phys. Study of the properties of sound, especially its transmission. སྒྲ་ཡི་ཁྱད་ཆོས་ཏེ་ལྷག་པར་དུ་སྒྲ་ཡི་བརྒྱུད་འདྲེན་བྱ་བ་ལ་སློབ་སྦྱོང་བྱེད་པའི་རིག་པ།

By wisdmlabs |
DETAIL

སྒྲ་སྟོབས།

phys. Sound Power is the total sound energy radiated by a source in all directions and measured in watts. སྒྲ་སྟོབས་ནི་སྒྲ་ཡི་འབྱུང་ཁུངས་ཤིག་གིས་ཁ་ཕྱོགས་ཐམས་ཅད་དུ་ཁྱབ་སྐྲུན་བྱས་པའི་སྒྲ་ཡི་ཁྱོན་སྡོམ་གྱི་ནུས་པ་ལ་གོ་ཞིང་བརྩི་གཞི་ཝཊ་རུ་ཚད་འཇལ་བྱེད།

By wisdmlabs |
DETAIL

སྒྲ་སྡེར།

phys. A vinylite or shellac disk with grooves representing a recorded sound, used for reproducing the sound as a phonograph needle travels through it. འགྱིག་གམ་ལ་རྩི་ཡི་སྡེར་མའི་སྟེང་དུ་བསྡུ་འཇུག་བྱས་པའི་སྒྲ་མཚོན་བྱེད་ཀྱི་ཤུར་ཁ་དང་ལྡན་པ་ཞིག་ལ་གོ་ཞིང་། དེའི་སྟེང་དུ་སྒྲ་འཁོར་གྱི་ཚགས་སྙུག་འཁོར་བགྲོད་བྱེད་སྐབས་སྒྲ་དེ་བསྐྱར་བསྐྲུན་བྱེད་ཀྱི་ཡོད།

By wisdmlabs |
DETAIL
TOP