ཤི་ཚད། ཤི་གྲངས།
biol. The number of deaths in a given area or period, or from a particular cause. ས་ཁུལ་ངེས་ཅན་ཞིག་གི་ནང་ངམ། དུས་ཡུན་ངེས་ཅན་ཞིག་གི་ནང་ཚུད། ཡང་ན་རྒྱུ་རྐྱེན་ངེས་ཅན་ཞིག་ལ་བརྟེན་ནས་བྱུང་བའི་འཆི་སྐྱོན་གྱི་གྲངས་འབོར་ལ་གོ [མིའི་ཚོགས་འདུས་ཤིག་གི་ཁྱོན་དུ་བྱུང་བའི་འཆི་སྐྱོན་གྲངས་ཚད།]
ཤི་ཧྲེང། ཤི་རེངས།
biol. Stiffening of the muscles after death. It occurs because the energy needed to interrupt the contraction of muscle fibers is no longer being produced. ཤི་བའི་རྗེས་སུ་ཤ་སྒྲིམ་མཁྲེགས་པོ་འགྱུར་བ་ལ་གོ འདི་ནི་ཤ་གནད་ཉག་མའི་སྡུད་འཁུམ་ལ་བར་ཆད་བྱེད་པར་མཁོ་བའི་ནུས་པ་སྐྱེད་སྐྲུན་མ་བྱས་པ་ལ་བརྟེན་ནས་འབྱུང་གི་ཡོད།
ཤིང་རྟ་མོ།
biol. A bird with a strong bill and a stiff tail, which climbs tree trunks to find insects and drums on dead wood to mark territory. མཆུ་ཏོ་མཁྲེངས་ཤིང་རྔ་མ་རེངས་པོ་ཡོད་པའི་བྱ་ཞིག ཤིང་སྡོང་གི་གཞུང་རྟའི་ངོས་སུ་འགོས་ཏེ་འབུ་སྲིན་འཚོལ་བ་དང་། ཤིང་སྡོང་སྐམ་པོ་རྡུང་སྟེ་རང་གི་མངའ་ཁོངས་ལ་རྟགས་རྒྱག་པར་བྱེད།
ཤིང་རྫས་ལིག་ནིན།
biol. A complex organic polymer deposited in the cell walls of many plants, making them rigid and woody. རྩི་ཤིང་གང་མང་གི་ཕྲ་ཕུང་ཕྱི་ཤུན་གྱི་ནང་དུ་ཕུང་གསོག་ཐེབས་ཏེ་མཁྲེགས་པོ་དང་ཤིང་གི་རྣམ་པ་བཟོ་བྱེད་ཀྱི་སྐྱེ་ལྡན་ཟློས་རྫས་རྙོག་འཛིང་ཅན་ཞིག