Encyclopedia

ལྗང་རྫས་དབང་ཕྲ།

biol. A structure in the cells of green plants and algae that contains chlorophyll and is the site where photosynthesis takes place. རྩི་ཤིང་ལྗང་ཁུ་དང་ཆུ་བལ་གྱི་ཕྲ་ཕུང་ནང་གི་ལྗང་རྫས་ཡོད་སའི་བཀོད་པ་ཞིག་ལ་གོ་ཞིང་འདི་ནི་འོད་སྦྱོར་འབྱུང་ས་དེ་ཡིན།

By wisdmlabs |
DETAIL

ལྗང་རྫས།

biol. Green pigment found in all algae and higher plants except a few saprotrophs and parasites. Responsible for light capture in PHOTOSYNTHESIS. བམ་འཚོ་རྩི་ཤིང་འགའ་ཤས་དང་གཞན་ཟ་འགའ་ཤས་མ་གཏོགས་ཆུ་བལ་དང་རྩ་སྦུག་ཅན་གྱི་རྩི་ཤིང་ཐམས་ཅད་ཀྱི་ནང་དུ་ཡོད་པའི་ཚོན་རྫས་ལྗང་ཁུ་ཞིག་ལ་གོ་ཞིང་། འདི་ཡིས་འོད་སྦྱོར་གྱི་སྐབས་སུ་འོད་ཟེར་འཇུ་བཟུང་གི་བྱ་བ་བྱེད།

By wisdmlabs |
DETAIL

ལྗིད་ཆུ།

chem. Water (H2O) that contains the heavy hydrogen isotope deuterium. (Can be written D2O.) ཡང་རླུང་གི་ལྕི་བའི་གནས་མཉམ་རྩ་རྫས་ཉིས་གྱུར་ཡང་རྡུལ་གྱིས་གྲུབ་པའི་ཆུ་ ( H2O) ། ( D2O ལྟར་བྲིས་ཀྱང་ཆོག)

By wisdmlabs |
DETAIL

ལྗིད་ཆེས་བ།

biol. The condition of being obese; increased body weight caused by excessive accumulation of fat. རྒྱགས་དྲགས་པའི་རང་བཞིན་ཏེ། ཚིལ་ཚད་ལས་བརྒལ་བ་བསགས་པ་ལ་བརྟེན་ནས་ལུས་ཀྱི་ལྗིད་ཚད་ཆེ་རུ་སོང་བ།

By wisdmlabs |
DETAIL

ལྗིད་ནོམ།

biol. The complete set of genes or genetic material present in a cell or organism. སྐྱེ་དངོས་ཤིག་གམ་ཕྲ་ཕུང་ཞིག་གི་ནང་དུ་ཡོད་པའི་རིགས་རྫས་སམ་རིགས་རྫས་ཀྱི་རྒྱུ་ཆའི་སྡེ་ཚན་ཆ་ཚང་བ་ལ་གོ [རིགས་རྫས་དང་ཚོས་གཟུགས་དངོས་རྫས་ཀྱི་ཁྱོན་བསྡོམས།]

By wisdmlabs |
DETAIL

ལྗིད་མནན་ཆ་སྙོམས།

phys. An average resulting from the multiplication of each component by a factor reflecting its importance. གྲུབ་ཆ་རེ་རེ་སོ་སོའི་གལ་གནད་དང་འབྲེལ་བའི་རྐྱེན་གྲངས་ཀྱིས་བསྒྱུར་བའི་རྗེས་སུ་བཙལ་བའི་ཆ་སྙོམས།

By wisdmlabs |
DETAIL
TOP