ལུས་གནས་རིག་པ།
biol. The branch of biology that deals with the normal functions of living organisms and their parts. སྲོག་ལྡན་སྐྱེ་དངོས་ཀྱི་ལུས་པོའི་ཆ་ཤས་དང་། རྒྱུན་ལྡན་བྱེད་ལས་ལ་འབྲེལ་བ་ཡོད་པའི་སྐྱེ་དངོས་རིག་པའི་སྡེ་ཚན་ཞིག
ལུས་གཤེར་གྱི།
biol. Relating to bodily fluids, especially serum. ལུས་པོའི་གཤེར་ཁུ་དང་འབྲེལ་བ་ཡོད་པ་སྟེ། བྱེ་བྲག་ཏུ་ཁྲག་གི་ཆུ་སེར་དང་འབྲེལ་བའི།
ལུས་གཤེར་ནད་འགོག་ཡ་ལན།
biol. Immune response that is mediated by antibody molecules; B cells that secrete antibodies into the bloodstream; the primary protection against bacteria and viruses in extracellular fluid. Aka antibody-mediated immunity, […]
ལུས་ཕུང་འགྲོ་ལུགས།
biol. The functions and activities of living organisms that support life in single- or multi-cellular organisms from their origin through the progression of life. ཕྲ་ཕུང་ཆིག་ལྡན་ནམ། ཕྲ་ཕུང་མང་ལྡན་གྱི་སྐྱེ་དངོས་ཀྱི་ཚེ་སྲོག་ལ་ཐོག་མའི་སྐྱེ་དུས་ནས་ཚེ་སྲོག་གི་འཕེལ་རིམ་ཁྲོད་དུ་རྒྱབ་སྐྱོར་བྱེད་པའི་སྲོག་ལྡན་སྐྱེ་དངོས་ཀྱི་བྱེད་ལས་དང་བྱེད་སྒོ་རྣམས་ལ་ཟེར།
ལུས་ཚོར་ཀླད་ཤུན།
neurosci. Either of two regions in the postcentral gyrus that receive and process somatosensory stimuli. དཀྱིལ་སུལ་རྒྱབ་ཀྱི་ཟེ་རྒྱུད་ཁུལ་དུ་ཡོད་ཅིང་། ལུས་ཚོར་དང་འབྲེལ་བའི་སྐུལ་རྐྱེན་ལེན་ཞིང་དབྱེ་སེལ་བྱེད་པའི་ས་ཁུལ་གཉིས་ཡོད་པ་ལས་གང་རུང་ཞིག