ལུས་ཀྱི་ཕྲ་ཕུང་།
biol. Any cell of a multicellular organism other than a germ cell. ཕྲ་ཕུང་མང་ལྡན་གྱི་སྐྱེ་དངོས་ཤིག་གི་ས་བོན་ཕྲ་ཕུང་མ་ཡིན་པའི་ཕྲ་ཕུང་གཞན་གང་ཡང་རུང་བ་ཞིག།
ལུས་གདོས་སྟོན་གྲངས།
biol. Body mass index (BMI), an estimate of total body fat. The BMI is defined as weight in kilograms divided by the square of the height in metres: weight/ height2 = BMI. ལུས་གདོས་སྟོན་གྲངས་ནི་། ལུས་པོ་ཡོངས་སུ་ཡོད་པའི་ཚིལ་ཞག་མང་ཉུང་གི་ཚོད་རྩིས་ཤིག་ལ་ཟེར། […]
ལུས་གནས་མཚུངས་སྡུར་རིག་པ། རོ་བཀྲ་མཚུངས་སྡུར་རིག་པ།
biol. The comparison of the structure (anatomy) of one animal or plant with the structure of a different animal or plant. སྲོག་ཆགས་སམ་རྩི་ཤིང་ཞིག་གི་ཆགས་བཀོད་དེ་སྲོག་ཆགས་སམ་རྩི་ཤིང་མི་འདྲ་བ་གཞན་ཞིག་གི་ཆགས་བཀོད་ (ལུས་ཁམས་གནས་ལུགས་) དང་མཚུངས་བསྡུར་བྱེད་པའི་བྱ་བ་ལ་ཟེར།
ལུས་གནས་རིག་པ་བ།
biol. An expert in or student of the branch of biology that deals with the normal functions of living organisms and their parts. སྐྱེ་དངོས་དང་སྐྱེ་དངོས་ཀྱི་ལུས་ཁམས་ཆ་ཤས་ཀྱི་སྤྱིར་བཏང་གི་བྱེད་ལས་དང་འབྲེལ་བའི་སྐྱེ་དངོས་ཚན་རིག་གི་སྡེ་ཚན་ལ་ཆེད་ལས་ཡིན་པའི་སློབ་ཕྲུག་ཅིག་གམ་ཆེད་ལས་མཁས་པ་ཞིག