རྒྱང་ཐོན་ལྡོག་འགུལ།
phys. The propulsion of a body by means of a force produced by discharging a fluid in the form of a jet. དངོས་གཟུགས་ཤིག་ནས་གཤེར་གཟུགས་ཤིག་ཤུགས་ཀྱིས་ཐོན་པ་ལས་བྱུང་པའི་ཤུགས་ལ་བརྟེན་ནས་དངོས་གཟུགས་དེར་ཐེབ་པའི་འགུལ་སྐྱོད།
རྒྱང་མཐོང་ཆེ་ཤེལ།
phys. Optical instrument that forms images of very distant objects. ཧ་ཅང་རྒྱང་རིང་གི་དངོས་པོའི་སྣང་བརྙན་འཆར་བར་བྱེད་པའི་འོད་རིག་ཡོ་བྱད།
རྒྱང་འཁུམ།
phys. Shrinkage of space, and therefore of matter, in a frame of reference moving at relativistic speeds. ལྟོས་གྲུབ་ཀྱི་མགྱོགས་ཚད་ཅིག་གི་སྟེང་ནས་འགུལ་སྐྱོད་བྱེད་ཀྱིན་པའི་ལྟོས་གཞི་ཞིག་ཏུ་ནམ་མཁའ་འཁུམ་པ་ལ་བརྟེན་ནས་བེམ་གཟུགས་འཁུམ་པ།
རྒྱང་སྒྲིབ།
phys. A visual defect in which distant objects appear blurred because their images are focused in front of the retina rather than on it. ཐག་རིང་གི་དངོས་པོའི་སྣང་བརྙན་དེ་དྲ་སྐྱིའི་ངོས་སུ་མ་འདུས་པར་དྲ་སྐྱིའི་མདུན་དུ་འདུས་པ་ལ་བརྟེན་ནས་དངོས་པོ་དེ་དག་རབ་རིབ་ཏུ་སྣང་བའི་མཐོང་ཚོར་ཉམས་སྐྱོན་ཞིག