རླབས་སྣེ་ངེས་བསྒྱུར། སྣེ་འཕྲལ།
phys. Aligning of vibrations in a transverse wave, usually by filtering out waves of other directions. སྤྱིར་བཏང་དུ་ཕྱོགས་གཞན་དུ་འགུལ་བའི་རླབས་རྣམས་ཚགས་རྒྱག་པ་ལ་བརྟེན་ནས་འཕྲེད་རླབས་ཤིག་གི་འདར་འགུལ་གྱི་ཕྱོགས་སྒྲིལ་བ་ལ་གོ
རླིག་འབྲས།
biol. One of the paired male reproductive organs that produce spermatozoa and male sex hormones in humans and other vertebrates. མི་དང་སྒལ་རུས་ཅན་གྱི་སྲོག་ཆགས་གཞན་གྱི་ནང་དུ་ཁམས་དཀར་དང་སྐྱེས་པའི་མཚན་མའི་རྨེན་རྫས་སྐྱེད་སྐྲུན་བྱེད་མཁན་གྱི་སྐྱེ་འཕེལ་དབང་པོ་ཆ་གཅིག་ཡོད་པའི་ནང་གི་གང་རུང་ཞིག
རླུང་ཁམས་གནོན་ཤུགས།
phys. Pressure exerted against bodies immersed in the atmosphere resulting from the weight of air pressing down from above. At sea level, atmospheric pressure is about 101 kPa. རླུང་ཁམས་སུ་ཡོད་པའི་དངོས་པོའི་སྟེང་དུ་རླུང་གི་ལྗིད་ཚད་ཀྱིས་མནན་པ་ལ་བརྟེན་ནས་ཕོག་པའི་གནོན་ཤུགས། མཚོ་ངོས་སུ་རླུང་གནོན་ནི་ […]
རླུང་གནོན་འཇལ་ཆས།
phys. Device used to measure the pressure of the atmosphere. རླུང་ཁམས་ཀྱི་གནོན་ཤུགས་འཇལ་བྱེད་ཀྱི་ཡོ་ཆས།