རྩི་ཤིང་རིག་པ།
biol. The scientific study of plants, including their physiology, structure, genetics, ecology, distribution, classification, and economic importance. རྩི་ཤིང་གི་ལུས་གནས་རིག་པ་དང། བཀོད་པ། རིགས་རྫས། སྣོད་བཅུད། བགོ་འགྲེམས། སྡེ་ཚན་དབྱེ་བསྡུ། དཔལ་འབྱོར་གྱི་གལ་གནད་བཅས་ལ་སློབ་སྦྱོང་བྱེད་པའི་རིག་པ་ལ་ཟེར།
རྩིད་མེད་ཕྲ་ཕུང་།
neurosci. A small nerve cell within the retina which has dendrites but no axon. དྲ་སྐྱིའི་ནང་དུ་གནས་ཤིང་བརྡ་ལེན་རྩ་ཕྲན་མ་གཏོགས་བརྡ་སྐྱེལ་རྩ་ཕྲན་མེད་པའི་དབང་རྩ་ཕྲ་ཕུང་ཆུང་ཆུང་ཞིག
རྩིད་སྐུད། ཁད་སྤུ།
biol. A threadlike structure forming part of the muscular, nervous, connective, or other tissue in the human or animal body. མིའམ་སྲོག་ཆགས་གཞན་གྱི་ལུས་པོའི་ནང་གི་ཤ་སྒྲིམ་ཕུང་གྲུབ་བམ། དབང་རྩའི་ཕུང་གྲུབ། མཐུད་སྦྱོར་ཕུང་གྲུབ། ཡང་ན་ཕུང་གྲུབ་གཞན་གྱི་ཆ་ཤས་གྲུབ་བྱེད་ཀྱི་སྐུད་པ་དང་འདྲ་བའི་བཀོད་པ་ཞིག་ལ་གོ