རླབས་མདུན།
phys. Crest, trough, or any continuous portion of a two-dimensional or three-dimensional wave in which the vibrations are all the same way at the same time. དུས་གཅིག་ལ་འདར་འགུལ་ཐམས་ཅད་ཁ་ཕྱོགས་གཅིག་ཏུ་ངེས་པའི་ཕྱོགས་ཆ་གཉིས་སམ་གསུམ་དང་ལྡན་པའི་རླབས་ཤིག་གི་ཟེའམ། གཤོང་ངམ། ཡང་ན་རྒྱུན་མཐུད་པའི་ཆ་ཤས་གང་རུང་།
རླབས་ཚིགས། ཚིགས།
phys. Any part of a standing wave that remains stationary; a region of minimal or zero energy. ལངས་རླབས་ཀྱི་འགུལ་མེད་དུ་གནས་པའི་ཆ་ཤས་གང་ཡང་རུང་བ་ཞིག་སྟེ། ནུས་པ་ཉུང་ཤོས་སམ་ཀླད་ཀོར་ཡིན་པའི་ཁུལ།
རླབས་རྡུལ་གཉིས་གཤིས།
phys The exhibition of both wavelike and particlelike properties by a single entity. For example, electrons undergo diffraction and can interfere with each other as waves, but they also act as pointlike masses and electric charges. ཆོས་ཤིག་གིས་རླབས་དང་འདྲ་བ་དང་རྡུལ་དང་འདྲ་བའི་ཁྱད་ཆོས་གཉིས་ཀ་སྟོན་པ། དཔེར་ན། གློག་རྡུལ་གྱིས་སྐོར་འཕྲོ་བྱེད་ཅིང་ཕན་ཚུན་ལ་རླབས་ལྟར་ཐེ་ཞུགས་བྱེད་པ་མ་ཟད། ཚེག་ལྟ་བུའི་གདོས་ཚད་དང་གློག་ཁུར་བཞིན་དུ་ཡང་བྱ་བ་བྱེད་དོ།
རླབས་རྡུལ།
phys An entity having characteristic properties of both waves and particles. རླབས་དང་རྡུལ་གཉིས་ཀའི་ཐུན་མིན་ཁྱད་ཆོས་ཡོད་པའི་ཆོས་ཤིག
རླབས་སྣེ་ངེས་བསྒྱུར། སྣེ་འཕྲལ།
phys. Aligning of vibrations in a transverse wave, usually by filtering out waves of other directions. སྤྱིར་བཏང་དུ་ཕྱོགས་གཞན་དུ་འགུལ་བའི་རླབས་རྣམས་ཚགས་རྒྱག་པ་ལ་བརྟེན་ནས་འཕྲེད་རླབས་ཤིག་གི་འདར་འགུལ་གྱི་ཕྱོགས་སྒྲིལ་བ་ལ་གོ