རླུང་གི་འགོག་ཤུགས།
phys. Friction, or drag, that acts on something moving through air. མཁའ་རླུང་དུ་རྒྱུ་བའི་དངོས་པོ་ལ་མཁའ་རླུང་གིས་ཐེབས་པའི་གཙུབ་བརྡར་ཤུགས་སམ་འགོག་ཤུགས།
རླུང་དྲོད་སྙོམ་ཆས། གྲང་གློག ཚ་གློག
phys. An apparatus for controlling, especially lowering, the temperature and humidity of an enclosed space. ཕྱོགས་ཡོངས་ནས་བཏུམ་པའི་བར་སྟོང་ཞིག་གི་ནང་རོལ་གྱི་དྲོད་ཚད་དང་བཞའ་ཚན་ལ་སྟངས་འཛིན་བྱེད་པ་དང་། ལྷག་པར་དུ་དེ་དག་ཇེ་དམའ་རུ་གཏོང་བྱེད་དུ་སྤྱོད་པའི་ཡོ་ཆས་ཤིག
རླུང་མེད་ནུས་སྐྲུན། (འཚོ་རླུང་བྲལ་བའི་འབྱིན་རྔུབ་བྱ་བ།)
biol. A type of cell respiration that takes place in ANAEROBES, and in which energy is released from glucose and other foods without the presence of oxygen. འཚོ་རླུང་མི་དགོས་པའི་སྐྱེ་དངོས་རྣམས་ཀྱི་ནང་དུ་འབྱུང་བའི་ཕྲ་ཕུང་གི་འབྱིན་རྔུབ་ཀྱི་རིགས་ཤིག འདིའི་སྐབས་སུ་འཚོ་རླུང་མི་དགོས་པའི་ཐོག་ནས་སྒུ་ལུ་མངར་རྫས་དང་ཟ་མ་གཞན་ནས་ནུས་ཤུགས་གློད་གཏོང་བྱེད་ཀྱི་ཡོད།
རླུང་འཐག
phys. A building or structure with large blades on the outside that, when turned by the force of the wind, provide electrical or mechanical power ཕྱི་ངོས་སུ་རླུང་གཤོག་ཆེན་པོ་བཀལ་ཡོད་པའི་ཁང་རྩེག་གམ་བཀོད་དབྱིབས་ལ་གོ་ཞིང་། རླུང་གཤོག་དེ་དག་རླུང་ཤུགས་ཀྱིས་བསྐོར་སྐབས་གློག་ནུས་སམ་འགུལ་ཤུགས་ནུས་པ་མཁོ་སྐྲུན་བྱེད།
རླུང་འཕྲིན་གྱི་རླབས།
phys. Electromagnetic waves of the longest wavelength. རླབས་རིང་ཤོས་ཡིན་པའི་གློག་ཁབ་ལེན་གྱི་རླབས།