རྩ་རྫས་མཚོ་ལྷའི་ནོར་བུ། རྩ་རྫས་ནེབ་ཊུ་ནི་ཡམ།
chem. A transuranic element produced in nuclear reactors by the neutron bombardment of U-238: decays rapidly to plutonium and then to U-235. Symbol: Np; atomic number: 93. ལྟེ་ནུས་བསྐྲུན་ཆས་སུ་ U-238 ལ་བར་རྡུལ་གྱིས་རྡུང་ཁ་རྒྱབ་པ་ལ་བརྟེན་ནས་གྲུབ་པའི་ཡུ་རེ་ནི་ཡམ་ལས་ལྕི་བའི་རྩ་རྫས་ཤིག་ཡིན། […]
རྩ་རྫས་རེ་ཌོན།
chem. The chemical element of atomic number 86, a rare radioactive gas belonging to the noble gas series. བཟང་རླངས་ཀྱི་སྡེ་ཚན་དུ་གཏོགས་པའི་འགྱེད་འཕྲོའི་རང་བཞིན་ཅན་གྱི་རླངས་གཟུགས་དཀོན་པོ་ཞིག་ཡིན་ཞིང་། རྡུལ་གྲངས་ ༨༦ ཡིན་པའི་རྩ་རྫས།
རྩ་རྫས་རེའུ་མིག
chem. Chart that lists elements by atomic number and by electron arrangements, so that elements with similar chemical properties are in the same column (group). རྩ་རྫས་རྣམས་རྡུལ་གྲངས་དང་གློག་རྡུལ་གྱི་བཀོད་ལུགས་ལྟར་བསྒྲིགས་ཏེ། རྫས་ཀྱི་ཁྱད་ཆོས་མཚུངས་པའི་རྩ་རྫས་རྣམས་ཀ་ཐིག་ (སྡེ་ཚན་) གཅིག་ཏུ་འཁེལ་པར་བྱས་པའི་རེའུ་མིག
རྩ་རྫས་ལི་ཐི་ཡམ།
chem. The chemical element of atomic number 3, a soft silver-white metal. It is the lightest of the alkali metals. རྡུལ་གྲངས་ ༣ ཡིན་པའི་རྩ་རྫས་ཏེ། སྙི་ཞིང་དངུལ་དཀར་གྱི་མདོག་དང་ལྡན། བུལ་རྫས་ཀྱི་ལྕགས་རིགས་ཡང་ཤོས་དེ་ཡིན།
རྩ་རྫས་སི་ལི་ཀོན།
chem. The chemical element of atomic number 14, a non-metal with semiconducting properties, used in making electronic circuits. ལྕགས་རིགས་མིན་ཞིང་ཕྱེད་ཁྲིད་གཟུགས་ཀྱི་ཁྱད་ཆོས་ལྡན་ལ། གློག་ཆས་སུ་གློག་ལམ་བཟོ་བར་སྤྱོད་པའི་རྡུལ་གྲངས་ ༡༤ ཅན་གྱི་རྩ་རྫས།
རྩ་རྫས་སོ་ཌི་ཡམ། བུལ་རྫས།
chem. The chemical element of atomic number 11, a soft silver-white reactive metal of the alkali metal group. རྡུལ་གྲངས་ ༡༡ ཡིན་པའི་རྩ་རྫས་ཏེ། སྙི་ཞིང་དངུལ་དཀར་གྱི་མདོག་ཡིན་ལ། རྫས་འགྱུར་སྐྱེན་པའི་ལྕགས་རིགས་བུལ་ཏོག་ལྕགས་རིགས་ཀྱི་སྡེ་ཚན་དུ་གཏོགས།
རྩ་རྫས་ཧི་ལི་ཡམ།
chem. The element with atomic number 2 and relative atomic mass 4.003, which is the noble gas with the smallest atomic number. རྡུལ་ཕྲན་ཨང་གྲངས་ ༢ དང་ལྟོས་བཅས་ཀྱི་རྡུལ་ཕྲན་སྙོམས་གདོས་ ༤.༠༠༣ ཡོད་པའི་རྩ་རྫས་ཤིག་དེ་ཡིན་པ་དང། བཟང་རླངས་རྡུལ་གྲངས་ཆུང་ཤོས་དེ་ཡིན་ནོ།