རོལ་ཆས་རུ་ཁག
phys. A group of musicians who play brass, wind, or percussion instruments. འབུད་རྡུལ་དཀྲོལ་གསུམ་གྱི་རོལ་ཆ་གཏོང་མཁན་རོལ་མོ་བའི་སྡེ་ཚན་ཞིག
རོལ་དབྱངས་ཚོགས་ཁང་།
phys. A building, or a hall within a building, specially designed for the giving of concerts. རོལ་དབྱབས་འདུ་ཚོགས་འཚོགས་པའི་ཆེད་དུ་དམིགས་བསལ་གྱིས་འཆར་འགོད་བཟོ་སྐྲུན་བྱས་པའི་ཁང་པ་ཞིག་གམ་ཁང་པའི་ནང་རོལ་གྱི་ཚོགས་ཁང་ཞིག
རོལ་དབྱངས་འདུ་ཚོགས།
phys. A performance given by one or more singers or instrumentalists or both. གཞས་གཏོང་མཁན་ནམ་རོལ་མོ་བ་གཅིག་གམ་དུ་མས་ཁ་ཁའི་སྒོ་ནས་སྒྲུབ་པའམ་མཉམ་དུ་སྒྲུབ་པའི་འཁྲབ་སྟོན་ཞིག
རོལ་མོ་རིག་པ།
phys. The study of music as a branch of knowledge or field of research རོལ་མོ་ནི་ཤེས་བྱའི་སྡེ་ཚན་ཞིག་གམ་ཞིབ་འཇུག་བྱ་ཡུལ་ཞིག་ཏུ་བཟུང་སྟེ་བརྟག་དཔྱད་བྱེད་པའི་རིག་པ།
རོལ་རྩེད་རུ་ཁག
phys. A large group of musicians who play together on various instruments, usually including strings, woodwinds, brass instruments, and percussion instruments. སྤྱིར་བཏང་རྒྱུད་སྐུད་ཅན་གྱི་རོལ་ཆ་དང་། ཤིང་བཟོས་འབུད་རོལ། རག་གི་རོལ་ཆ། རྡུང་བྱའི་རོལ་ཆ་ལ་སོགས་པའི་རོལ་ཆ་སྣ་ཚོགས་མཉམ་དུ་འབུད་རྡུང་དཀྲོལ་གསུམ་བྱེད་མཁན་གྱི་རུ་ཁག་ཆེན་པོ་ཞིག་ལ་གོ