རིགས་རྫས་འདས་རིག།
biol. The study of heritable changes in gene function that do not involve changes in DNA sequence. ཌི་ཨེན་ཨེ་ཡི་འཁོད་རིམ་ནང་གི་འགྱུར་ལྡོག་ལ་ཐེ་བྱུས་མེད་པའི་ཐོག་ནས་རིགས་རྫས་ཀྱི་བྱེད་ལས་ལ་བྱུང་བའི་རྒྱུད་འཛིན་ཐུབ་པའི་འགྱུར་ལྡོག་གི་སྐོར་གྱི་ཞིབ་འཇུག་ལ་ཟེར།
རིགས་རྫས་འཕོ་བགྲོད།
biol. The random change of allelic frequencies in a population. ཚོགས་འདུས་ཤིག་གི་ཨེ་ལིལ་གྱི་ཟློས་ཕྱོད་ལ་བྱུང་བའི་ངེས་མེད་འགྱུར་ལྡོག་ལ་ཟེར།
རིགས་རྫས་རྐྱང་བརྡ།
biol. A sequence of three nucleotides which together form a unit of genetic code in a DNA or RNA molecule. ཌི་ཨེན་ཨེའམ་ཨར་ཨེན་ཨེ་འདུས་རྡུལ་ནང་གི་རིགས་རྫས་ཀྱི་གསང་བརྡའི་བརྩི་གཞི་གཅིག་མཉམ་སྦྲེལ་གྱི་སྒོ་ནས་འགྲུབ་པར་བྱེད་པའི་ཉིང་རྡུལ་གྲུབ་ཆ་གསུམ་གྱི་བསྟར་རིམ་ལ་གོ
རིགས་རྫས་རིག་པ་བ།
biol. One who specializes in genetics. རིགས་རྫས་རིག་པའི་ཐོག་ལ་མཁས་པའི་གང་ཟག་ཅིག
རིགས་རྫས་རིག་པ།
biol. The branch of biology concerned with the study of heredity and variation in organisms སྐྱེ་དངོས་ཀྱི་རིགས་རྒྱུད་དང་སྣ་ཚོགས་པའི་རང་བཞིན་ལ་སློབ་སྦྱོང་བྱེད་པའི་སྐྱེ་དངོས་ཚན་རིག་གི་སྡེ་ཚན་ཞིག
རིགས་རྫས་སྒྱུར་སྒྲིག
biol. The deliberate modification of the characteristics of an organism by manipulating its genetic material. རིགས་རྫས་བཅོས་སྒྱུར་བཏང་བ་ལ་བརྟེན་ནས་སྐྱེ་དངོས་ཤིག་གི་ཁྱད་གཤིས་ལ་བསམ་བཞིན་དུ་འགྱུར་བ་གཏོང་བའི་ཐབས་ལམ།