རིགས་རྫས་ཚོ་བ།
biol. All of the genes possessed by the reproductively active members of a population. ཚོགས་འདུས་ཤིག་ནང་གི་སྐྱེད་འཕེལ་གྱི་ནུས་པ་དང་ལྡན་པའི་སྐྱེ་དངོས་ལ་ཡོད་པའི་རིགས་རྫས་ཆ་ཚང་ལ་གོ
རིགས་རྫས་འཁྲུག་ནད།
biol. A disease caused by the absence of a gene or by products of a defective gene. རིགས་རྫས་ཤིག་མེད་པའམ། རིགས་རྫས་སྐྱོན་ཅན་ཞིག་ལས་བྱུང་བའི་ཐོན་རྫས་ལ་བརྟེན་ནས་བྱུང་བའི་ནད་ཅིག
རིགས་རྫས་འཁྲུག་སྐྱོན།
biol. A pathological condition caused by an absent or defective gene or by a chromosomal aberration. Also called hereditary disease. རིགས་རྫས་ཤིག་མེད་པའམ། རིགས་རྫས་ལ་སྐྱོན་ཤོར་བ། ཡང་ན་ཚོས་ཕུང་ལ་སྐྱོན་ཤོར་བ་ལ་བརྟེན་ནས་སྐྱེད་པའི་ན་ཚའི་གནས་སྟངས་ཤིག འདི་ལ་རྒྱུད་འདེད་འཁྲུག་ནད་ཅེས་ཀྱང་ཟེར།
རིགས་རྫས་འདའ་འགྱུར།
biol. A change in the expression of a gene, not in the structure of the gene itself. རིགས་རྫས་ཤིག་གི་ཆགས་བཀོད་ལ་འགྱུར་བ་མ་ཕྱིན་པར། རིགས་རྫས་དེའི་རྣམ་འགྱུར་ལ་བྱུང་བའི་འགྱུར་བ་ཞིག
རིགས་རྫས་འདས་རིག།
biol. The study of heritable changes in gene function that do not involve changes in DNA sequence. ཌི་ཨེན་ཨེ་ཡི་འཁོད་རིམ་ནང་གི་འགྱུར་ལྡོག་ལ་ཐེ་བྱུས་མེད་པའི་ཐོག་ནས་རིགས་རྫས་ཀྱི་བྱེད་ལས་ལ་བྱུང་བའི་རྒྱུད་འཛིན་ཐུབ་པའི་འགྱུར་ལྡོག་གི་སྐོར་གྱི་ཞིབ་འཇུག་ལ་ཟེར།
རིགས་རྫས་འཕོ་བགྲོད།
biol. The random change of allelic frequencies in a population. ཚོགས་འདུས་ཤིག་གི་ཨེ་ལིལ་གྱི་ཟློས་ཕྱོད་ལ་བྱུང་བའི་ངེས་མེད་འགྱུར་ལྡོག་ལ་ཟེར།
རིགས་རྫས་རྐྱང་བརྡ།
biol. A sequence of three nucleotides which together form a unit of genetic code in a DNA or RNA molecule. ཌི་ཨེན་ཨེའམ་ཨར་ཨེན་ཨེ་འདུས་རྡུལ་ནང་གི་རིགས་རྫས་ཀྱི་གསང་བརྡའི་བརྩི་གཞི་གཅིག་མཉམ་སྦྲེལ་གྱི་སྒོ་ནས་འགྲུབ་པར་བྱེད་པའི་ཉིང་རྡུལ་གྲུབ་ཆ་གསུམ་གྱི་བསྟར་རིམ་ལ་གོ