རིགས་རྫས་བཤེར་ཚགས།
biol. A screening procedure that tests whether a person has a genetic make-up that is linked with a particular disease. སྐྱེས་བུ་ཞིག་ལ་ནད་བྱེ་བྲག་པ་ཞིག་དང་འབྲེལ་བ་ཡོད་པའི་རིགས་རྫས་ཀྱི་གྲུབ་ཆ་ཞིག་ཡོད་མིན་བརྟག་པའི་བཤེར་ཚགས་ཀྱི་བྱ་བའི་རྒྱུད་རིམ་ཞིག
རིགས་རྫས་མངོན་རྣམ་མཉེན་གཤིས།
biol. Some organisms can change their appearance, physiology, and development in response to changes in the environment. This is called phenotypic plasticity. སྐྱེ་དངོས་འགའ་ཞིག་གིས་ཁོར་ཡུག་གི་འགྱུར་ལྡོག་དང་བསྟུན་ནས་རང་གི་ཕྱི་ཚུལ་དང། ལུས་གནས། འཚར་འཕེལ་བཅས་ལ་འགྱུར་ལྡོག་གཏོང་ཐུབ་ཀྱི་ཡོད་ཅིང་། འདི་ལ་རིགས་རྫས་མངོན་རྣམ་མཉེན་གཤིས་ཟེར།
རིགས་རྫས་མངོན་རྣམ།
biol. The use of information encoded in the DNA of genes to produce functional molecules, either RNA or proteins. རིགས་རྫས་ཀྱི་ཌི་ཨེན་ཨེ་རུ་བརྡ་སྒྲིག་བྱས་པའི་ཆ་འཕྲིན་བེད་སྤྱད་དེ་བྱེད་ལས་རང་བཞིན་ལྡན་པའི་འདུས་རྡུལ་ཨར་ཨེན་ཨེའམ་སྤྲི་རྫས་སྐྱེད་སྐྲུན་བྱེད་པ།
རིགས་རྫས་མངོན་རྣམ།
biol. The physical and biochemical characteristics of an organism as determined by the interaction of its genetic constitution and the environment. སྐྱེ་དངོས་ཤིག་གི་རིགས་རྫས་ཀྱི་གྲུབ་ཆ་དང་ཁོར་ཡུག་དབར་གྱི་འབྲེལ་བ་ལ་བརྟེན་ནས་མངོན་པའི་ལུས་པོ་དང་སྐྱེ་དངོས་རྫས་སྦྱོར་གྱི་ཐུན་མིན་ཁྱད་གཤིས་ལ་གོ
རིགས་རྫས་མཛུབ་ཐེལ།
biol. A set of characteristics that are unique to the DNA of an individual organism, obtained by analysing small samples of biological material such as body tissues or fluids and […]