རི་སུལ་སྤྲེའུ།
biol. A brown to grayish monkey found from Pakistan to eastern China and used extensively in biological and medical research. སྐྱེ་དངོས་དང་སྨན་གྱི་བརྟག་དཔྱད་དུ་ཤུགས་ཆེར་བེད་སྤྱོད་བྱེད་ཅིང་པ་ཀི་སི་ཐན་ནས་རྒྱ་ནག་གི་ཤར་ཕྱོགས་ཀྱི་བར་དུ་གནས་པའི་སྤྲེའུ་སྨུག་པོའམ་སྐྱ་བོ་ཞིག
རིག་གཞུང་ལྟོས་གྲུབ་རིང་ལུགས།
phil. A concept that cultural norms and values derive their meaning within a specific social context རིག་གཞུང་གི་ཚད་གཞི་དང་རིན་ཐང་གཉིས་ཀྱི་གོ་དོན་ནི་སྤྱི་ཚོགས་ཀྱི་སྐབས་དོན་ངེས་ཅན་ཞིག་ནས་ལེན་དགོས་པར་འདོད་པའི་ལྟ་ཚུལ་ཞིག
རིག་པ་འཆོལ་རྒུད། ཧོན་ལོག
neurosci. A mental illness that causes someone to be unable to think clearly or to understand what is real and what is not real. བསམ་བློ་གསལ་པོ་གཏོང་མི་ཐུབ་པའམ་དོན་དངོས་ཡིན་མིན་རྟོགས་མི་ཐུབ་པར་བཟོ་མཁན་གྱི་སེམས་ནད་ཅིག
རིགས་ཁུངས་རྐྱང་ལྡན་གྱི།
biol. Having a single common ancestry. ཐུན་མོང་གི་མེས་པོ་ཞིག་ལྡན་པར་གོ