རང་ཞིག་རིམ་པ།
biol. A type of programmed cell death that plays a role in developmental processes, in which the nuclear DNA is fragmented by enzymes. སྨིན་རྫས་ཀྱིས་ལྟེ་རྡུལ་གྱི་ཌི་ཨན་ཨེ་དུམ་བུར་གཏོང་བར་བྱེད་པའི་འཚར་འཕེལ་གྱི་རྒྱུད་རིམ་ནང་གི་འཆར་འགོད་ཟིན་པའི་ཕྲ་ཕུང་གི་འཆི་བའི་རིགས་ཤིག་ལ་ཟེར།
རང་འཁོར།
phys. Spinning motion that occurs when an object rotates about an axis located within the object (usually an axis through its center of mass). དངོས་པོ་ཞིག་རང་གི་ནང་རོལ་དུ་ཡོད་པའི་སྲོག་ཤིང་(སྤྱིར་བཏང་དུ་དངོས་པོ་དེའི་གདོས་ལྟེ་རྒྱུད་པའི་སྲོག་ཤིང་ཞིག་) ལ་བརྟེན་ནས་སྐོར་བ་བྱེད་པའི་འཁོར་འགུལ།
རང་འགུལ་དབང་རྩ་མ་ལག
neurosci. The part of the nervous system that regulates involuntary action, as of the intestines, smooth muscle, heart, and glands, and that is divided into two physiologically and anatomically distinct, […]