Encyclopedia

རང་བྱུང་ཟློས་ཕྱོད།

phys. Frequency at which an elastic object naturally tends to vibrate if it is disturbed and the disturbing force is removed. ལྡེམ་གཤིས་ཅན་གྱི་དངོས་པོ་ཞིག་ཕྱི་ཤུགས་ཤིག་གིས་དཀྲོག་སྟེ་ཕྱི་ཤུགས་དེ་ཕྱིར་འཐེན་བྱས་རྗེས་དངོས་པོ་དེ་རང་བཞིན་གྱིས་འདར་འགུལ་བྱེད་པའི་ཟློས་ཕྱོད།

By wisdmlabs |
DETAIL

རང་བྱུང་འདེམས་སྒྲུག

biol. A fundamental mechanism of Darwin’s theory of evolution (Darwinism), still used by biologists to explain changes in allele frequencies in populations (evolution). ཌར་ཝིན་གྱི་འཕེལ་འགྱུར་རིག་པའི་རྣམ་གཞག་(ཌར་ཝིན་རིང་ལུགས་) གི་གཞི་རྩའི་ལས་ཚུལ་ཞིག་ལ་གོ་ཞིང་། ད་ལྟའང་སྐྱེ་དངོས་རིག་པ་བས་ཚོགས་འདུས་ཀྱི་ (འཕེལ་འགྱུར་)ནང་དུ་ཨེ་ལིལ་གྱི་ཟློས་ཕྱོད་ཀྱི་འགྱུར་བ་འགྲོ་སྟངས་ལ་འགྲེལ་བརྗོད་བྱེད་པར་བེད་སྤྱོད་བྱེད་ཀྱི་ཡོད།

By wisdmlabs |
DETAIL

རང་བྱུང་རླངས་རྫས།

chem. Flammable gas, consisting largely of methane and other hydrocarbons, occurring naturally underground (often in association with petroleum) and used as fuel. ས་འོག་ཏུ་རང་བྱུང་གིས་འབྱུང་ཞིང་ (ཕལ་ཆེ་བར་རྡོ་སྣུམ་དང་འབྲེལ་བ་ཡོད་པ་ཡིན་) གཙོ་བོ་མེ་ཐེན་དང་ཡང་སོལ་རྡུལ་རྫས་ཀྱིས་གྲུབ་པ་དང་། བུད་རྫས་སུ་སྤྱོད་པའི་འབར་ནུས་ཅན་གྱི་རླངས་རྫས་ཤིག

By wisdmlabs |
DETAIL

རང་བྱུང་རིང་ལུགས་པ།

phil. A follower or advocate of naturalism. རང་བྱུང་རིང་ལུགས་ཀྱི་རྗེས་འཇུག་པའམ་ཕྱོགས་འཛིན་པ།

By wisdmlabs |
DETAIL

རང་བྱུང་རིང་ལུགས།

phil. The system of thought holding that all phenomena can be explained in terms of natural causes and laws. སྣང་ཚུལ་ཐམས་ཅད་རང་བྱུང་གི་རྒྱུ་དང་ཁྲིམས་ལ་བརྟེན་ནས་འགྲེལ་ཐུབ་པར་འདོད་པའི་ལྟ་གྲུབ་ཀྱི་གཞུང་ལུགས་ཤིག

By wisdmlabs |
DETAIL
TOP