འོད་མ་ཨེ་ནོལ་པེ་རུ་ཝེ་ཊ།
chem. A salt or ester of phosphoenolpyruvic acid. འོད་མ་ཨེ་ནོལ་པེ་རུ་ཝེག་སྐྱུར་རྫས་ཀྱིས་གྲུབ་པའི་ཚྭའམ་སྐྱུར་ཚིལ་ཞིག
འོད་ཚད་རིག་པ། འོད་ཚད།
phys. The study of visual radiation especially the calculations and measurements of luminous intensity, luminous flux, etc. མཐོང་རུང་འོད་སྣང་གི་རིག་པ་སྟེ། ལྷག་པར་དུ་བཀྲགས་མདངས་ཀྱི་ཆེ་ཆུང་དང་། བཀྲགས་མདངས་ཀྱི་རླབས་རྒྱུན་སོགས་ཚད་འཇལ་བའི་རིག་པ།
འོད་ཚོད། (འོད་རྡུལ་ཆུ་ཚོད།)
phys. A hypothetical clock, used to show time dilation, that would count the journeys of a single photon between two parallel mirrors. མཉམ་འགྲོ་ཡིན་པའི་མེ་ལོང་གཉིས་ཀྱི་དབར་དུ་འོད་རྡུལ་རྐང་གཅིག་རྒྱུ་བའི་འགྲུལ་བཞུད་དེ་བརྩི་བར་བྱེད་ཅིང་། དུས་ནར་སྟོན་པར་སྤྱོད་པའི་རྟོག་བཏགས་ཀྱི་ཆུ་ཚོད་ཅིག