Encyclopedia

འོད་གློག་ནུས་སྣང།

phys. Ejection of electrons from certain metals when exposed to certain frequencies of light. འོད་ཀྱི་ཟློས་ཕྱོད་ངེས་ཅན་ཞིག་ཕོག་སྐབས་ལྕགས་རིགས་ངེས་ཅན་ཞིག་ནས་གློག་རྡུལ་ཕྱིར་སྐྲོད་པ།

By wisdmlabs |
DETAIL

འོད་ཐག

phys. Transparent fiber, usually of glass or plastic, that can transmit light down its length by means of total internal reflection. འགྱིག་གམ་ཤེལ་ལས་གྲུབ་ཅིང་ཆ་ཚང་བའི་ནང་ཁུལ་གྱི་ལྡོག་འཕྲོ་ལ་བརྟེན་ནས་འོད་ཟེར་རྒྱུད་འཕྲོ་བྱེད་ཐུབ་པའི་དྭངས་གསལ་གྱི་ཐག་རན། [གློག་འགྲོ་སའི་ཐག་པ་ལ་གློག་ཐག་ཟེར་བ་དང་མཚུངས་པར་འོད་འགྲོ་སའི་ཐག་པ་ལ་འོད་ཐག ]

By wisdmlabs |
DETAIL

འོད་དཀར།

phys. Light, such as sunlight, that is a combination of all the colors. Under white light, white objects appear white and colored objects appear in their individual colors. འོད་མདོག་རྣམས་ཀྱིས་གྲུབ་པའི་འོད་དེ་དཔེར་ན་ཉི་འོད་ལྟ་བུ། འོད་དཀར་གྱི་འོག་ཏུ་དངོས་པོ་དཀར་པོ་དཀར་པོ་རུ་སྣང་ཞིང་ཚོན་ཁྲ་ཡོད་པའི་དངོས་པོ་རྣམས་རང་རང་གི་ཁ་དོག་ཏུ་སྣང་བ་ཡིན།

By wisdmlabs |
DETAIL

འོད་བརྟེན་རྣམ་འགྱུར།

biol. The stage of photosynthesis during which light energy is absorbed by chlorophyll and transformed into chemical energy stored in ATP. ལྗང་རྫས་ཀྱིས་འོད་ནུས་འཇིབ་སྟེ་ ATP ཡི་ངོ་བོར་ཉར་ཚགས་བྱེད་པའི་རྫས་ནུས་སུ་བརྗེ་སྒྱུར་བྱེད་པའི་འོད་སྦྱོར་གྱི་རིམ་པ་དེ་ལ་གོ

By wisdmlabs |
DETAIL

འོད་མ་གྷི་ལི་སི་རེ་ཊ་བསྐྱར་སྒྲིག་སྨིན་རྫས།

biol. A red blood cell enzyme that participates in the metabolism of glucose. གུ་ལུ་མངར་རྫས་ནུས་སྒྱུར་ཀྱི་སྐབས་སུ་བྱེད་ནུས་འདོན་མཁན་གྱི་ཁྲག་དམར་ཕྲ་ཕུང་གི་སྨིན་རྫས་ཤིག

By wisdmlabs |
DETAIL

འོད་མ་གྷི་ལི་སི་རེ་ཊ།

chem. A salt or ester of phosphoglyceric acid. འོད་མ་གྷི་ལི་སི་རིག་སྐྱུར་རྫས་ཀྱི་ཚྭའམ་སྐྱུར་ཚིལ་ཞིག

By wisdmlabs |
DETAIL

འོད་མ་ཕུ་རུ་མངར་སྦྱོར་སྨིན་རྫས།

biol. An enzyme which brings about the irreversible transfer of a phosphate group from ATP to fructose phosphate in glycolysis. མངར་རྫས་ཞིག་འགྱུར་གྱི་སྐབས་སུ་ཨེ་ཊི་པི་ཡི་འོད་ཀྱི་མ་མའི་སྡེ་ཚན་ཞིག་ཕུ་རུ་མངར་ཅན་འོད་མའི་སྡེ་ཚན་དུ་བསྐྱར་ལྡོག་མི་ཐུབ་པའི་སྒོ་ནས་སྒྱུར་མཁན་གྱི་སྨིན་རྫས་ཤིག

By wisdmlabs |
DETAIL
TOP