འབུད་ཤུགས།
phys. The propulsive force of a jet or rocket engine. འཕུར་གྲུ་ཞིག་གམ་མེ་ཤུགས་འཕུར་མདའ་ཞིག་གི་འཕྲུལ་འཁོར་ཨ་མ་ནས་བྱུང་ཞིང་མདུན་ཕྱོགས་སུ་འབུད་པར་བྱེད་པའི་ཤུགས་ལ་གོ
འབུར་ཁ།
phys. A projecting disc-shaped collar or rim on an object for locating or strengthening it or for attaching it to another object. དངོས་པོ་ཞིག་གི་གནས་ས་སྟོན་པའམ། དེ་ཇེ་མཁྲེགས་སུ་བཟོ་བ། ཡང་ན། དེ་དངོས་པོ་གཞན་དང་སྦྲེལ་མཐུད་བྱེད་པའི་ཆེད་དུ། དངོས་པོ་དེའི་སྟེང་དུ་བཟོས་པའི་སྒོར་དབྱིབས་ཀྱི་འབུར་གཟུགས་གོང་བའམ་མཐའ་ལྕགས།
འབུར་གཟུགས་གོང་མ།
neurosci. An essential visual center between the retina and the striate cortex. དྲ་སྐྱི་དང་འབུར་རིས་ཅན་གྱི་ཀླད་ཤུན་གཉིས་ཀྱི་དབར་དུ་ཡོད་པའི་མཐོང་ཚོར་གྱི་ལྟེ་གནས་གལ་ཆེན་ཞིག
འབུར་གཟུགས་མེ་ལོང་།
phys. Mirror that curves outward. The virtual image formed is smaller and closer to the mirror than the object. ངོས་ཕྱི་ཕྱོགས་སུ་བཀུག་ཡོད་པའི་མེ་ལོང་། འདི་ལས་གྲུབ་པའི་གཟུགས་བརྙན་ལྟར་སྣང་བ་དེ་ནི་དངོས་པོ་རང་ལས་ཆུང་ཞིང་མེ་ལོང་ལ་ཐག་ཉེ་བ་ཡོད།
འབུར་གཟུགས།
biol. Any of a number of small swellings in the roof of the midbrain, involved in vision and hearing. བར་ཀླད་ཀྱི་ཡང་ཐོག་ཏུ་ཡོད་པའི་སྐྲངས་འབུར་ཆུང་ཆུང་དུ་མའི་ཁྲོད་ཀྱི་གང་རུང་རུང་ཞིག་ལ་གོ་ཞིང་། མཐོང་ཚོར་དང་ཐོས་ཚོར་ལ་འབྲེལ་བ་ཡོད་པ་ཡིན།