འབུ་གསུམ་ཤལ།
biol. A member of the extinct arthropod class Trilobita, common as fossils in rocks of Cambrian and Silurian age. རྩ་སྟོང་ཟིན་པའི་རྐང་ཚིགས་ཅན་གྱི་(ཆེས་སྔ་དུས་ཀྱི་ཤུན་སྐོགས་ཅན་གྱི་སྲོག་ཆག་གི་རིགས་)ཊྲ་ཡི་ལོ་བྷི་ཊའི་སྡེའི་རིགས་ཤིག་ལ་གོ་བ་དང། ཁེམ་སྦི་རི་ཡན་དང་སི་ལུ་རི་ཡན་དུས་རབས་ཀྱི་བྲག་རྡོའི་ནང་དུ་འགྱུར་རྡོའི་ངོ་བོར་ཡོངས་གྲགས་སུ་ཡོད།
འབུད་གཏོང་།
phys. To cause to flow by means of a pump or pumplike organ or device ཕུ་མདའ་འམ་ཕུ་མདའ་དང་འདྲ་བའི་དབང་པོ་ལ་བརྟེན་ནས་རྒྱུ་རུ་འཇུག་པ།
འབུད་ཆས།
phys. One that thrusts; especially: an engine (as a jet engine) that develops thrust by expelling a jet of fluid or a stream of particles. འབུད་མཁན་ཞིག་སྟེ། གཤེར་གཟུགས་ཤིག་གམ་ཡང་ན་རྡུལ་གྱི་རྒྱུན་ཞིག་ཤུགས་ཀྱིས་འབུད་པ་ལ་བརྟེན་ནས་འཕུལ་ཤུགས་བསྐྲུན་པར་བྱེད་པའི་འཕྲུལ་ཆས་(རྒྱང་ཐོན་འཕྲུལ་ཆས་ལྟ་བུ་)ཤིག
འབུད་འཁོར།
phys. A mechanical device for propelling a boat or aircraft, consisting of a revolving shaft with two or more broad, angled blades attached to it. འཁོར་མདའི་སྟེང་དུ་ཞེང་ཆེ་ཞིང་གུག་ངོས་ཅན་གྱི་རླུང་གཤོག་གཉིས་སམ་དུ་མ་སྦྱར་བ་ལས་གྲུབ་ཅིང་། དེ་སྐོར་བ་བྱེད་པ་ལ་བརྟེན་ནས་མཚོ་གྲུའམ་གནམ་གྲུ་མདུན་ཕྱོགས་སུ་འཕུལ་འདེད་བྱེད་པའི་སྒུལ་བྱེད་ཡོ་ཆས་ཤིག